| e-texts navigator |
| Wylie |
250a1 ཡང་ཞིང་གཡོ་བ་ཉིད་དུ་རབ་ཏུ་ཤེས་སོ།། དེ་ནམ་མཁའི་ཁམས་ལ་ཁོང་སྐོང་དུ་ཡང་རབ་ཏུ་ཤེས་ལ། ཐམས་ཅད་དུ་སོང་བ་ཉིད་དུ་ཡང་རབ་ཏུ་ཤེས་སོ།། རྣམ་པར་ཤེས་པའི་ཁམས་ལ་སྒྱུ་མ
250a2 ལྟ་བུ་ཉིད་དུ་ཡང་རབ་ཏུ་ཤེས་ལ། ཕྱིན་ཅི་ལོག་ཉིད་དུ་ཡང་རབ་ཏུ་ཤེས། ཕྱིན་མིམ་ལོག་པ་ཉིད་དུ་ཡང་རབ་ཏུ་ཤེས་སོ།། དེ་མིག་གི་རྣམ་པར་ཤེས་པ་ལ་སྟོང་པ་ཉིད་དང་། གཟུགས་ལ་མི་རྟག་པ་ཉིད་དུ་ཡང་རབ་ཏུ
250a3 ཤེས་སོ།། རྣ་བའི་རྣམ་པར་ཤེས་པ་ལ་སྟོང་པ་ཉིད་དང་། སྒྲ་ལ་མི་རྟག་པ་ཉིད་དང་། སྣའི་རྣམ་པར་ཤེས་པ་ལ་སྟོང་པ་ཉིད་དང་། དྲི་ལ་མི་རྟག་པ་ཉིད་དང་། ལྕེའི་རྣམ་པར་ཤེས་པ་ལ་སྟོང་པ་ཉིད
250a4 དང་། རོ་ལ་མི་རྟག་པ་ཉིད་དང་། ལུས་ཀྱི་རྣམ་པར། ཤེས་པ་ལ་སྟོང་པ་ཉིད་དང་། རེག་བྱ་ལ་མི་རྟག་པ་ཉིད་དུ་ཡང་རབ་ཏུ་ཤེསོ།། དེ་དེ་ལྟར་ཤེས་རབ་ལ་མཁས་པས་ཤིན་ཏུ་རྟོགས་པའི་ཤེས
250a5 རབ་དང་ལྡན་ཞིང་ཤེས་རྣོ་བ་དང་ལྡན་སྟེ། མི་དགེ་བའི་ཆོས་རྣམས་ཀྱང་རབ་ཏུ་ཤེས་དགེ་བའི་ཆོས་རྣམས་ཀྱང་རབ་ཏུ་ཤེས། ཉན་ཐོས་ཡང་དག་པར་འགྲུབ་པར་བྱེད་པའི་ཆོས་རྣམས་ཀྱང་རབ་ཏུ་ཤེས།
250a6 རང་སངས་རྒྱས་ཡང་དག་པར་འགྲུབ་པར་བྱེད་པའི་ཆོས་རྣམས་དང་བྱང་ཆུབ་སེམས་དཔའ་ཡང་དག་པར་འགྲུབ་པར་བྱེད་པའི་ཆོས་རྣམས་དང་། སངས་རྒྱས་ཉིད་ཡང་དག་པར་འགྲུབ་པར་བྱེད་པའི་ཆོས་རྣམས
250a7 ཀྱང་རབ་ཏུ་ཤེས་སོ།། དེ་མི་དགེ་བའི་ཆོས་རྣམས་ཀྱི་རྣམ་པར་སྨིན་པ་ཆུང་ངུ་དང་། འབྲིང་དང་ཆེན་པོ་སེམས་ཅན་དམྱལ་བ་རྣམས་དང་། དུད་འགྲོ་རྣམས་དང་། ཡི་དགས་རྣམས་སུ་སྐྱེ་བ་ཡང་རབ་ཏུ་ཤེས