e-texts navigator
Collection
Volume
Page
Wylie

249a1 ལྟར་ཐོས་པ་རྣམས་ངེས་པའི་ཚིག་གི་གདགས་པས་ཡང་དག་པར་འཇོག་ཅིང་ཡི་གེ་དེ་དག་ལ་ཉེ་བར་རྟོག་སྟེ། དེ་དེ་ལྟར་ཉེ་བར་རྟོག་པ་ན་ཡི་གེ་རྣམས་གསོག་དང་གསོབ་དུ་མཐོང་ངོ་།། དེ་ཡི་གེ་རྣཾས
249a2 གསོག་དང་གསོབ་དུ་མཐོང་ནས། མིང་རྣམས་ཀྱང་གསོག་དང་གསོབ་དུ་མཐོང་ངོ་།། གང་ལ་མིང་དེ་འདོགས་པ་དེ་ཡང་གསོག་དང་གསོབ་དུ་མཐོང་ངོ་།། དེ་ལ་གཟུགས་གང་དང་གང་སྣང་བ་དེ་དང་དེ་ཡང་གསོག
249a3 དང་གསོབ་དུ་མཐོང་ངོ་།། དེས་གསོག་དང་གསོབ་དུ་མཐོང་བས་ཡང་། དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པར་འགྱུར་རོ།། ཡང་དག་པ་ཅི་དེ་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པས་དེ་ལ་འདུས་བྱས་རྨི
249a4 ལམ་དང་འདྲ་བར་སྣང་ངོ་།། དེ་ལ་བྱང་ཆུབ་སེམས་དཔའ་སོ་སོར་བརྟགས་ནས། སེམས་ཅན་ལྟ་བས་སྙིང་རྗེ་ཆེན་པོའི་སེམས་ཉེ་བར་བཞག། ནས་གནས་སོ།། དེ་འཆལ་པའི་ཤེས་རབ་ཀྱི་སེཾས
249a5 འདུལ་བའི་ཕྱིར་ཤེས་རབ་བསྒོམ་པར་བྱེད་དོ།། ཇི་ལྟར་བསྒོམ་པར་བྱེད་ཅེ་ན། དེ་ཀུན་རྫོབ་གྱི་ཚུལ་དུ་བཞག་པ་འམ། དོན་དམ་པའི་ཚུལ་དུ་བཤད་པའི་མདོ་སྡེ་གང་དག་ཡིན་པ་བརྗོད་པ་གང་གསལ་ཞིང་ཟུར་ཕྱིན་པ
249a6 དག་གིས་མ་ནོར་བ་འཛིན་ཏོ།། མ་ནོར་བ་ཆོས་བསྟན་པ་ལས་བཟུང་ནས་ཀྱང་མ་ནོར་བའི་བསམ་པས་སེམས་པར་བྱེད་དོ།། བསྒོམ་པའི་རྣལ་འབྱོར་ལ་ཡང་བརྩོན་པར་བྱེད་དོ། དེ་ཡེ་ཤེས་ཀྱི་སྟོབས་དང་ཤེས
249a7 རབ་ཀྱི་བྱེ་བྲག་གིས་སེམས་ཅན་མི་དམིགས། སྲོག་མི་དམིགས་གསོ་བ་མི་དམིགས། སྐྱེས་བུ་མི་དམིགས། གང་ཟག་མི་དམིགས། ཤེད་ལས་སྐྱེས་མི་དམིགས། ཤེད་བུ་མི་དམིགས་ཏེ། ཐམས་ཅད་དུ་ཆད་པ




iiif viewer powered by OpenSeadragon

248b - 249b

Texts on this page

Ng47.5 - 'phags pa tshangs pas zhus pa zhes bya ba theg pa chen po'i mdo