e-texts navigator
Collection
Volume
Page
Wylie

248a1 ཡང་དག་པར་འཛིན་དུ་བཞུག་ཅིང་དངོས་པོ་ངན་པ་དེ་བླང་བར་བྱའོ།། དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། སྡུག་བསྔལ་བའི་སྦྱིན་པ་འདི་ནི་སྦྱིན་པ་བྱ་དཀའ་བ་ཡིན་པའི་ཕྱིར་རོ།། དེ་རྣམ་པར་གཡེང་བའི་སེམས
248a2 གདུལ་བའི་ཕྱིར། བསམ་གཏན་ལ་བསམ་གཏན་བྱེད་དེ། ཇི་ལྟར་བསམ་གཏན་བྱེད་ཅེ་ན། ཚངས་པ་འདི་ལ་བྱང་ཆུབ་སེམས་དཔའ་ནི་ཐོག་མ་ཁོ་ནར་ལུས་ལེགས་པར་བསྡམས་པ་ཡིན་ནོ།། ལུས་དབེན་པར
248a3 གནས་པ་ཡིན་ནོ།། ལུས་ཀྱི་འདི་འཛི་རྣམས་ཀྱང་ཡོདསུ་སྤོང་ངོ་།། ལུས་ལ་ལྷག་པར་ཆགས་པ་ཡང་འདོར་རོ།། ལུས་ལྕི་བ་འམ། ཡང་བ་ཡང་ཤེས་སོ།། ལུས་དང་མཐུན་པ་དང་ལུས་འཚོ་བ་ལུས
248a4 ཀྱི་སྟོབས་ཀྱང་རབ་ཏུ་ཤེས་སོ།། ངག་ལེགས་པར། བསྣམས་པ་ཡིན་ཏེ། སྨྲ་བ་ཉུང་ཞིང་བརྗོད་པ་ཉུང་ངོ་།། དོན་སྨྲ་བ་ཡིན་ཞིང་རིག། པ་སྨྲ་བ་ཡིན་ཏེ། བྲེ་མོ་གཏམ་ལ་དགའ་བ་ཡོངས་སུ་སྤངས་པ
248a5 ཡིན་ནོ།། དེ་ཡིད་ལེགས་པར་བསྡམས་པ་ཡིན་ཏེ། མི་དགེ་བའི་རྣམ་པར་རྟོག་པ་ཐམས་ཅད་ཡོངས་སུ་སྤངས་སོ།། དེ་དེ་ལྟར་གནས་གསུམ་ཡོངས་སུ་དག་པས་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར
248a6 པོའི་གཟུགས་རྣམས་མི་སྣང་བར་བྱ་བའི་ཕྱིར་ནན་ཏན་བྱེད་ཏེ། དེ་དག་ལ་མཚན་མར་མི་འཛིན་མངོན་རྟགས་སུ་མི་འཛིན་པ་རྒྱན་དང་གོས་ཀྱི་རྣམ་པ་སྣ་ཚོགས་དག་ལ་ཡང་མཚན་མར་མི་འཛིན་ཅིང་། མངོན་རྟགས་སུ་མི།
248a7 འཛིན་པ་ཡིན་ནོ།། གཟུགས་དང་སྒྲ་དང་། དྲི་དང་། རོ་དང་རེག་རྣམ་པ་སྣ་ཚོགས་དག་ལ་ཡང་མཚན་མར་མ་འཛིན་ཅིང་མངོན་རྟགས་སུ་མི་འཛིན་པ་ཡིན་ནོ།། སྐྱེས་པ་དང་བུད་མེད་དང་ཁྱེའུ་དང་བུ་མོ་རྣམས་ལ་ཡང




iiif viewer powered by OpenSeadragon

247b - 248b

Texts on this page

Ng47.5 - 'phags pa tshangs pas zhus pa zhes bya ba theg pa chen po'i mdo