| e-texts navigator |
| Wylie |
247b1 ཁརྡེག་ཀྱང་རུང་སྡིགས་ཀྱང་རུང་། རྣམ་པར་འཇོམ་ཡང་རུང་སྤྲོད་ཀྱང་རུང་སྟེ་ཅི་མི་སྙམ་པར་བྱེད་དོ།། ཀྱེ་མ་དགེ་སྦྱོང་འདི་ནི་འགོ་རེག་ངན་པའོ།། ཀྱེ་མ་དགེ་སྦྱོང་འདི་ནི་འགོ་རེག་མི་སྡུག་པ་ངན་པའོ།། ཞེས་འཇིག་རྟེན་གྱི
247b2 དཔྱས་ཀྱང་ཅི་སྙམ་པར་བྱེད་དོ།། ཡང་དག་མ་ཡིན་པས་བསྐུར་ཀྱང་བཟོད་པར་བྱེད་ཅིང་དང་དུ་ལེན་ལ་ལས་བདག་གིར་བྱ་བ་ཉིད་ལ་བརྟོན་ཏེ། བཟོད་པ་དེས་ཀྱང་བདག་ལ་བསྟོད་བཱ་མ་བྱེད་གཞན་ལ་སྨོད་པར་མི་བྱེད་དོ།།
247b3 དེ་ལེ་ལོའི་སེམས་གདུལ་བའི་ཕྱིར་དང་། བྱང་ཆུབ་ཀྱི་ཕྱོགས་པའི་ཆོས་མ་ཐོབ་པ་རྣམས་ཐོབ་པར་བྱ་བའི་ཕྱིར་དང་། ཐོབ་པ་རྣམས་འཕེལ་བར་བྱ་བའི་ཕྱིར་དང་། འཕེལ་བ་རྣམས་ཡོངས་སུ་སྨིན་པར་བྱ་བའི
247b4 ཕྱིར་དང་། ཡོངས་སུ་སྨན་པ་རྣམས་ཡང་དག་པར་གཟུང་བར་བྱ། བའི་ཕྱིར་དང་། ཡང་དག་པར་གཟུང་བ་རྣམས་རྣམ་པར་དབྱེ་བའི་ཕྱིར་བརྩོན་འགྲུས་བརྩོམ་མོ།། དེ་སེམས་ཅན་གྱི་ཆེད་རྣམས་དང
247b5 སེམས་ཅན་གྱི་བྱ་བ་རྣམས་ལ་ཡོངས་སུ་མི་སྐྱོ་ཞིང་། ཡོངས་སུ་ཡི་མི་འཆད་དེ་ཡོངས་སུ་སྐྱོ་བའི་སེམས་མི་བསྐྱེད་དོ།། དེ་གདོལ་པ་ལ་ཕན་གདགས་ཀྱང་རུང་རྒྱལ་པོ་ལ་ཕན་གཏགས་ཀྱང་རུང་། ཤིན
247b6 ཏུ་ལམ་རིང་པོར་ཡང་འགྲོ་སྟེ། ཐ་དད་པར་མི་དམིགས་ཤིང་རྒྱུན་མི་གཅོད་པ་ཡིན་ནོ།། གལ་ཏེ་བྱང་ཆུབ་སེམས་དཔའ་སྡུག་བསྔལ་ཞིང་བཀྲེན་པའི་སེམས་ཅན་གྱི་དངོས་པོ་ཐ་ཆད་ངན་པ་ཞིག་གིས་བསྟབས་སམ།
247b7 འབྱོར་ཅིང་ནོར་ཆེ་བ་གང་ཡང་རུང་བ་ཞིག་གིས་དངོས་པོ་བཟང་པོ་མཆོག་གྱ་ནོམ་པ་ཞིག་བསྟབས་ཀྱང་། དེ་ལ་བྱང་ཆུབ་སེམས་དཔས་སྙིང་བརྩེ་བའི་སེམས་བཞག་ལ་གུས་པར་བསྟོད་ཅིང་ཡང་དག་པར་གཟེང་བསྟོད་ལ