| e-texts navigator |
| Wylie |
247a1 སེམས་ཤེས་བྱ་བ་འདི་ནི་མཐར་ཕྱིན་པར་དཀའ་བ་མི་མཐུན་པ་འཛིན་པ། འཁོར་བ་ལ་མངོན་དུ་ཕྱོགས་པ། དགེ་བའི་ཕྱོགས་ལ་མི་ཕྱོགས་པ། ཡུལ་ལ་མངོན་དུ་ཕྱོགས་པ། དབེན་པ་ལ་མི་ཕྱོགས་པ།
247a2 བདེ་བ་ལ་མངོན་དུ་ཕྱོགས་པ། སྡུག་བསྔལ་ལ་མི་ཕྱོགས་པ། སྨྲ་བ་ལ་དགའ་བ་ལ་མངོན་དུ་ཕྱོགས་པ། སྤྲོས་པ་ལ་མངོན་དུ་ཕྱོགས་པ། དེ་ཁོ་ན་ལ་རྣམ་པར་ལྟ་བ་ལ་མི་ཕྱོགས་པ། མི་གཙང་བ་ལ་མངོན་དུ་ཕྱོགས་པ
247a3 གཙང་བ་མི་ཕྱོགས་པ། གདུལ་དཀའ་བ་གཟུང་དགའ་བ། གནས་མེད་པ་རྟེན་མེད་པ། གསོག་གསོབ། སྐད་ཅིག་པ། རྒྱུ་དང་རྐྱེན་ཚོགས་ལས་བྱུང་བ་ཡིན་ན། མཁས་པའི་རང་བཞིན་ཅན་སུ་ཞིག་འདི་ལྟ་བུའི་རང་བཞིན
247a4 ཅན་གྱི་སེམས་ཀྱི་དབང་དུ་འགྲོ་ཞིང་རྗེས་སུ་འཇུག་སྙམ་དུ་ངས་མོ།། དེ་དེ་ལྟར་སེམས་ལ་དྲན་པ་ཉེ་བར་གནས་པས། སེམས་འདུལ་བའི་ཕྱིར་ནན་ཏན་བྱེད་དོ།། དེ་སེར་སྣའི་སེམས་གདུལ་བའི་ཕྱིར
247a5 སྦྱིན་པ་སྦྱིན་པར་བྱེད་དེ། ཐ་ན་ཁམ་ཅིག་ཙམ་འམ། རྒྱ་ཤུག་ཙམ་འམ། མོན་སྲན་གྲེའུ་ཙམ་འམ། ཏིལ་འབྲུ་ཙམ་ཡང་རུང་། དེ་ཡང་ཐམས་ཅད་ལ་སྦྱིན་པར་བྱེད་ཀྱི། སྡུག་པ་རྣམས་ལ་མ་ཡིན།
247a6 འདྲིས་པ་རྣམས་ལ་མ་ཡིན་ནོ།། དེ་འཆལ་པའི་ཚུལ་ཁྲིམས་ཀྱི་སེམས་གདུལ་བའི་ཕྱིར། ཚུལ་ཁྲིམས་བསྲུང་སྟེ། ལུས་དང་ངག་དང་ཡིད་ཀྱིས་སྐྱོན་མེད་པར་བྱེད་པ་ཡིན། འདྲེན་མར་མི་བྱེད་པ་ཡིན།། ནག་ནོག་དུ་མི་བྱེད་དེ། ཚུལ།
247a7 ཁྲིམས་དེས་བདག་ལ་བསྟོད་པར་མི་བྱེད་གཞན་ལ་སྨོད་པར་མི་བྱེད་དོ།། དེ་གནོད་སེམས་ཀྱི་སེམས་གདུལ་བའི་ཕྱིར། བཟོད་པ་བསྒོམས་ཏེ་དེ་གྲོང་ངམ་གྲོང་རྡལ་དུ་བཞུགས་པ་ན་གཤེ་ཡང་ཅི་མི་སྙམ་པར་བྱེད་དོ།། རྒྱབ་ཀྱང་རུང