e-texts navigator
Collection
Volume
Page
Wylie

246b1 ལྟར་ཉེ་བར་བརྟག་པར་བྱ་སྟེ། བདེ་བར་སྣང་བ་འདི་ནི་ཟློག་པའི་སྒོ་ནས་སྡུག་བསྔལ་ཡིན་ཏེ་ཁམས་གསུམ་པ་འདི་ནི་འདུས་བྱས་ཀྱི་དངོས་པོ་བདེ་བ་གང་ཡང་མེད་དོ།། དེ་ཅིའི་ཕྱིར་ཞེ་ན། འདུས་བྱས་མི་རྟག་པའི་ཕྱིར་རོ།། མཁས
246b2 པའི་རང་བཞིན་ཅན་དག་དངོས་པོ་མེད་པ་རྟག་པ་རྣམས་ལ་བདེ་བའི་འདུ་ཤེས་ཇི་ལྟར་བསྐྱེད་སྙམ་དུ་བརྟག་པར་བྱའོ།། ཚངས་པ་གལ་ཏེ་བྱང་ཆུབ་སེམས་དཔའ་ཡོངས་སུ་སྤྱོད་པ་ན་སྡུག་བསྔལ་ཁོ་ན། སྐྱེས་པའི་བདེ་བ་ན
246b3 མ་ཡིན་ཏེ། སྡུག་བསྔལ་དེས་ཀྱང་ཡོངས་སུ་གནོད་ཅིང་ཉོན་མོངས་པ་དེས་དེ་ལ་སེམས་འདི་ལྟར་ཉེ་བར་གཞག་པར་བྱ་སྟེ། ལུས་འདི་ནི་སྒོམས་ཏེ་ཡོངས་སུ་སྦྱང་དགོས་པ་གསུག་གིས་བསྒྲུབ་དགོས་པ་སྟེ། འདི་ནི་སྡུག
246b4 བསྔལ་བརྩོམ་པས་གཟུང་བར་མི་ནུས་ཀྱི། བདེ་བ་རྩོམ་པས། གཟུང་བར་བྱ་བ་ཡིན་ཏེ། བདག་གིས་ལུས་བརྟན་ཞིང་འཚོ་བ། འདིས་དགེ་བའི་ཆོས་རྣམས་བསྒྲུབ་པར་བྱའོ།། དཔེར་ན་རྙེད་པ
246b5 འདོད་པའི་ཚོང་པ་ཁུར་ཁལ་རྣམས་སྟོང་དྲན་བྱེད་བཅོས་ལེགས་བྱེད་པ་ནི་ཁུར་ཁལ་རྣམས་བརྒྱན་པའི་ཕྱིར་མ་ཡིན། བདེ་བར་བྱ་བའི་ཕྱིར་མ་ཡིན་གྱི། གཞན་དུ་ནི་ཅི་ཙམ་དུ་ཁལ་བཀལ་བ་བསྐུར
246b6 བའི་ཕྱིར་རོ།། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཁ་ཟས་ཟ་བ་ཡང་ལུས་བརྒྱན་པའི་ཕྱིར་ཟས་ཟ་བ་མ་ཡིན། ལུས་བདེ་བར་བྱ་བའི་ཕྱིར་མ་ཡིན་ཏེ། གཞན་དུ་ན་ཅི་ཙམ་དུ་ལུས་དང་འབྲེལ་པའི་དགེ་བའི་ཕྱོགས
246b7 བསྒྲལ་བའི་ཕྱིར་རོ་སྙམ་དུ་སེམས་ཉེ་བར་གཞག་པར་བྱའོ།། ཚངས་པ་གལ་ཏེ་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པས་གསུངས་པའི་གཉེན་པོས་སེམས་ཤེས་པར་བྱེད་མ་ནུས་ན་དེ་འདི་སྙམ་བསམ་པར་བྱ་སྟེ།




iiif viewer powered by OpenSeadragon

246a - 247a

Texts on this page

Ng47.5 - 'phags pa tshangs pas zhus pa zhes bya ba theg pa chen po'i mdo