| e-texts navigator |
| Wylie |
246a1 དང་། གོས་དང་བརྒྱན་གྱི་རྣམ་པ་དག་དང་ནོར་བུ་དང་འབྲུ་དང་མཛད་དང་བང་བའི་རྣམ་པ་དེ་དག་ལ་ཆགས་པ་མི་བསྐྱེད། དེ་དག་ལ་རྣམ་པར་རྟོག་པར་མི་བྱེད་ཅིང་། རྐུ་འཕྲོག་མི་བྱེད་དོ།། རྐུན་འཕྲོག་བྱེད་དུ་མི
246a2 འཇུག་གོ།། རྐུན་འཕྲོག་བྱེད་པ་རྣམས་ལ་རྗེས་སུ་ཡི་རང་བར་མི་བྱེད་དོ།། དེ་གྲོང་ན་ཡོད་པ་འམ་དགོན་པ་ཡོད་པ་མ་བྱིན་ཞིང་མ་གནང་བའི་རྩའི་འདབ་མ་ཙམ་ཡང་ལེན་པར་ཡང་མི་བྱེད་དོ།། ཇི་ལྟར་ན་མི་ཚངས་པར་སྤྱོད་པ
246a3 སྤོང་བ་ཡིན་ཞེ་ན། ཚངས་པ་འདི་ལ་བྱང་ཆུབ་སེམས་དཔའ་དབང་པོ་རྣམས་ཀྱི་སྒོ་ལེགས་པར་སྲུངས་ཤིང་གནས་པ་ཡིན། ལེགས་པར་དབསྔགས་པ་ཡིན་ནོ།། མཐུན་པའི་གནས་སུ་རྒྱུ་བ་ཡིན། ཤིན་དུ་བསྲུང
246a4 བའི་དྲན་པ་དང་ལྡན་པ་ཡིན། རྟག་ཏུ་སྲུང་བའི་དྲན་པ་དང་ལྡན་པ་ཡིན། དེ་དྲན་པས་ཡིད་ཀུན་ཏུ་སྲུངས་པ་ཡིན། ལུས་དང་ངག་ཤིན་ཏུ་བསྡམས་པ་ཡིན་ནོ།། མཐུན་པའི་གནས་སུ་རྒྱ་ལ་དྲན་པ་དང་ལྡན
246a5 པ་ཡིན་ཞིང་འདི་སྙམ་དུ་སེམས་བསྐྱེད་དེ། མི་ཞིག་གིས་བྱེ་མ་ཞིབ་མོ་ཤིན་ཏུ་བསྲེགས་པ་ལག་པ་གཉིས་ཀྱི་བསྟིམ་པས་བླངས་ཏེ། མིག་གཉིས་བཀང་བ་ནི་སྭའི། ཆགས་པའི་སེམས་ཀྱིས་ཡུལ་གྱི་བཟང་མོ་ལྟ་བ་ནི་དེ་ལྟ
246a6 མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། བདག་ཡུལ་གྱི་བཟང་མོ་ལ་བལྟས་པས་ཡུན་རིང་པོར་ཕུང་ཞིང་བཅོམ་ལ་མ་རུང་བར་འགྱུར་བའི་ཕྱིར་རོ།། སྙམ་མོ། དེ་དེ་ལྟར་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གཟའ་བ་དང་བཏུང་བ་དང་།
246a7 གནས་དང་མལ་ཆ་དང་། སྟན་རྣམས་ལ་དྲན་པ་ལེགས་པར་གནས་པ་ཡིན་ཏེ། དེ་དག་ལ་སྤྱོད་པ་ན་རོ་མྱང་བར་མི་བྱེད་ཅིང་ཆགས་པའི་སེམས་མེད་པ་ཡིན་ནོ།། གལ་ཏེ་དེ་ཡོངས་སུ་སྤྱོད་པ་ན་བདེ་བ་སྐྱེ་བ་ལྟ་ན་དེས་དེ་ལ་འདི