e-texts navigator
Collection
Volume
Page
Wylie

245b1 ཀྱི་ཐམས་ཅད་དུ་ཡོངས་སུ་སྤོང་ངོ་།། ཚངས་པ་བྱང་ཆུབ་སེམས་དཔའི་ལུས་ཀྱི་སྐྱོན་དང་ལུས་ཀྱི་ཉེས་པར་སྤྱོད་པ་དེ་དག་གང་ཞེ་ན། ཚངས་པ་སྲོག་གཅོད་པ་ནི་བྱང་ཆུབ་སེམས་དཔའི་ལུས་ཀྱི་སྐྱོན་དང་ལུས་ཀྱི་ཉེས་པར
245b2 སྤྱོད་པ་ཡིན་ནོ།། ཚངས་པ་མ་བྱིན་པར་ལེན་པ་དང་། མི་ཚངས་པར་སྤྱོད་པ་ནི་བྱང་ཆུབ་སེམས་དཔའི་ལུས་ཀྱི་སྐྱོན་དང་། ལུས་ཀྱི་ཉེས་པར་སྤྱོད་པ་ཡིན་ནོ།། ཚངས་པ་བྱང་ཆུབ་སེམས་དཔའ་ཇི་ལྟར་སྲོག་གཅོད་པ
245b3 ཡིན་ཞེ་ན། ཚངས་པ་འདི་ལ་བྱང་ཆུབ་སེམས་དཔའ་ནི་འདོད་ཆགས་ཀྱི་དབང་པོས་སྲོག་ཆགས་ཀྱི་སྲོག་གཅོད་པར་མི་བྱེད། ཞེ་སྡང་གི་དབང་དང་། གཏི་མུག་གི་དབང་གིས་སྲོག་ཆགས་ཀྱི་སྲོག་གཅོད་པ
245b4 མི་བྱེད་དོ།། དེ་སེམས་ཅན་གཞན་དག་དང་གང་ཟག་གཞན་རྣམས་ལ་བདག་ཙམ་དུ་འདུ་ཤེས་པར་བྱེད་དེ། བདག་ཉིད་ཀྱི་སེམས་ཅན་གཞན་དག་དང་། གང་ཟག་གཞན་རྣམས་ཀྱི་སྲོག་གཅོད་པར
245b5 མི་བྱེད་དོ།། གཞན་དག་ཀྱང་གཅོད་དུ་མི་འཇུག་གོ།། གཞན་དག་སྲོག་གཅོད་པ་ལ་ཡང་རྗེས་སུ་ཡི་རང་བར་མི་བྱེད་དོ།། བདག་གིས་ཀྱང་མི་གཅོད་དོ།། གཞན་དག་ཀྱང་གཅོད་དུ་མི་འཇུག་གོ།། གཞན་དག་གཅོད་པ
245b6 ལ་ཡང་རྗེས་སུ་ཡི་རང་མྱི་བྱེད་དོ།། བདག་ཀྱང་མི་རྡེག་གོ།། གཞན་དག་ཀྱང་རྡེག་ཏུ་མི་འཇུག་གོ།། གཞན་དག་རྡེག་པར་བྱེད་པ་ལ་ཡང་རྗེས་སུ་ཡི་རང་བར་མི་བྱེད་དོ།། ཇི་ལྟར་མ་བྱིན་པར་ལེན་པར་སྤོང་བ་ཡིན་ཏེ།
245b7 ཚངས་པ་འདི་ལ་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་རྣམས་ཀྱི་འཚོ་བའི་ཡོ་བྱང་གང་དག་ཡིན་པ་འདི་ལྟ་སྟེ། གསེར་དང་ནོར་བུ་དང་མུ་དིག་དང་ཉེ་དུརྱ་དང་དུང་དང་མན་ཤེལ་དང་། བྱི་རུ་དང་ས་ལེ་སྐམ་དང་། དངུལ་ལ་སོགས་པ




iiif viewer powered by OpenSeadragon

245a - 246a

Texts on this page

Ng47.5 - 'phags pa tshangs pas zhus pa zhes bya ba theg pa chen po'i mdo