| e-texts navigator |
| Wylie |
243a1 བཅུ་བརྩ་གཉིས་ཀྱིས་ལེགས་པར་བརྒྱན་པ་མཐོང་ངོ་།། མཐོང་ནས་ཀྱང་ཚངས་པའི་འཇིག་རྟེན་ནས་མི་སྣང་བར་གྱུར་ནས། ཐམས་ཅད་དང་ལྡན་པའི་ཚལ་ཆེན་པོའི་འོད་ཀྱིས་སྣང་བར་བྱས་ཏེ། བཅོམ་ལྡན
243a2 འདས་ཀྱི་སྤྱན་སྔར་ཧ་ཅང་ཡང་མི་རིང་བ་ཞིག་ཏུ་འདག་གོ།། དེ་ནས་མི་འཇེད་ཀྱི་བདག་པོ་ཚངས་པས་འདི་སྙམ་དུ་བསམས་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་བསྙེན་པར་དཀའ་བ། རྣམ་པར་ཤེས་པར་དཀའ
243a3 ཁ་ཡིན་ན། བཅོམ་ལྡན་འདས་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ལ་བདག་གིས་གྲེ་བ་བསལ་བའི་སྒྲ་འམ། སྨྲ་བ་ཙམ་གྱིས་གཞེངས་པར་གསོལ་བ་ནི། བདག་གི་ཆ་མ་ཡིན་གྱིས་དག་གླིའི་སུ་ལ་ན་གས་ཀྱི
243a4 བཅོམ་ལྡན་འདས་གཞེངས་པར་གསོལ། གོར་མ་ཆག་སྙམ་སྟེ། དེ་ནས་མི་འཇེད་ཀྱི་བདག་པོ་ཚངས་པས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་འདག་བཞིན་དུ་བཅོམ་ལྡན་འདས་ག་ལ
243a5 བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ཏེ། མགོ་བཏུད་ནས་བཅོམ་ལྡན་འདས་ལ་ཚིགས་སུ་གཅད་པ་དག་གིས་གཞེངས་པར་གསོལ་ཏོ།། མ་གྲོས་དྲི་མ་མ་མཆིས་རྣམ་པར་དག། ལྷ་དང་མི་མཆོག་རྣཾམས
243a6 དང་དྲི་ཟ་དང་།། ཀླུ་དང་ལྷ་མིན་རྣམས་ཀྱིས་ལེགས་མཆོད་པ།། སེམས་ཅན་སྨན་སླད་མགོན་པོ་ཁྱོད་ལ་མཆོད།། དཔེར་ན་རི་ནི་རབ་ཏུ་མི་གཡོས་དང་།། ཇི་ལྟར་རྒྱ་མཚོ་གཏིང་ནི་མི་དཔོགས་ལྟར།། བདུད་རྣམས་ཐམས།
243a7 ཅད་ཀྱིས་ཀྱང་མི་གཡོས་ལ།། ཐུབ་པ་སྐྱེས་བུ་མཆོག་ནི་བསམ་གཏན་མཛད།། ཟང་ཟིང་མིང་མངའ་མཚན་མ་མི་མངའ་ཞིང་།། ཐ་དད་མི་མངའ་རྟེན་པ་མི་མངའ་ལ།། གནས་མི་མངའ་ཞིང་སྣང་བ་མི་མངའ་བ།།