| e-texts navigator |
| Wylie |
242b1 དྲན་པ་མངོན་དུ་བཞག་སྟེ། རྙོག་པ་དང་བཅས་པ་དཔྱོད་པ་དང་བཅས་པའི་ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་དང་པོ་ལ་སྙོམས་པར་ཞུགས་སོ།། བཅོམ་ལྡན་འདས་དེ་ལས་གཞེངས་ནས་རྟོག
242b2 པ་མེད་དཔྱོད་པ་མེད་པ། ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་གཉིས་པ་ལ་སྙོམས་པར་ཞུགས་སོ།། བཅོམ་ལྡན་འདས་དེ་ལས་བའི་དྲ་ནས། དགའ་བའི་འདོད་ཆགས་དང་བྲལ་བ། བཏང
242b3 སྙོམས་པ་དྲན་པ་དང་ལྡན་པ། བདེ་བར་གནས་པ། བསམ་གཏན་གསུམ་པ་ལ་སྙོམས་པར་ཞུགས་སོ།། བཅོམ་ལྡན་འདས་དེ་ལས་ཀྱང་བཞེངས་ནས་བདེ་བ་ཡང་སྤངས་ཏེ། སྔ་ནས་སྡུག་བསྔལ
242b4 ཡང་སྤངས་ཤིང་། ཡིད་བདེ་བ་དང་ཡིད་མི་བདེ་བ་ཡང་ནུབ་པས། ཕྱིར་སྡུག་བསྔལ་ཡང་མེད་པ་ཡང་མེད་པ། བཏང་སྙོམས་དང་དྲན་པ་ཡོངས་སུ་དག་པ། བསམ་གཏན་བཞི་ལ་སྙོམས་པར་ཞུག་སོ།། །
242b5 དེ་ནས་བཅོམ་ལྡན་འདས་བསམ་གཏན་བཞི་པ་ལས་གཞེངས་ནས། བསམ་གཏེ་ན་གསུམ་པ་ལ་ཞུགས་སོ།། བསམ་གཏན་གསུམ་པ་ལས་གཞོངས་ནས། བསམ་གཏན་གཉིས་པ་ལ་ཞུགས་སོ།། བསམ་གཏན་གཉིས
242b6 པ་ལས་བཞེངས་ནས། བསམ་གཏན་དང་པོ་ལ་ཞུགས་སོ།། བསམ་གཏན་དང་པོ་ལས་བཞེངས་ནས་གདུལ་བྱ་ཇི་ལྟ་བ་བཞིན་དུ་སེམས་ཅན་ལ་གཟུགས་ཀྱི་ལུས་ཀུན་ཏུ་སྟོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུག་སོ།།
242b7 བཅོམ་ལྡན་འདས་ཤིན་དུ་ལྷམ་མེ་ལྡན་ནེ་ལྷང་ངེར་བཞུགས་ཏེ། མི་འཇེད་ཀྱི་བདག་པོ་ཚངས་པས་ཚངས་པའི་གནས་ན་འདུག་བཞིན་དུ་བཅོམ་ལྡན་འདས་ཤིན་དུ་སྙམ་མེ་ལྷན་ནེ་ལྟུང་ངེ་བ་དང་། སྐྱེས་བུ་ཆེན་པོའི་མཚན་དུ།