e-texts navigator
Collection
Volume
Page
Wylie

242a1 ཕྲེང་གི་འཇིག་རྟེན་ཁམས་སུ་འགྲོ་བར་འགྱུར།། དེ་ནས་ཁྱོད་ནི་འཆི་བའི་དུས་བྱས་ནས།། བྱུང་བ་ཉིད་དུ་སངས་རྒྱས་བྱསྨྲ་པ་མཐོང་།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་བསྩལ་བ་དང་། ཨི་རྒྱ
242a2 གཞོན་ནུ་རིན་ཆེན་དྲ་བ་ཅན་དང་།། བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་བ་ནི། དྲ་ན། བཅུ་དང་།། དགྲ་བཅོམ་པ་བྱེ་བ་ཕྲག་དྲུག་བཅུ་དང་།། ལྷ་བྱེ་བ་ཕྲག་དགུ་བཅུ་རྩ་དགུ་རྣམས་ཡི་རངས།
242a3 བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་ཏོ།། ། འཕགས་པ་རིན་ཆེན་དྲ་བ་ཅནགྱི་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སྷོ།། རྒྱ་གར་གྱི་མཁན་པོ
242a4 གཉེན་ན་གར་བ་དང་།། ལོ་ཙ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར། ཞུ། ཆེན་གྱི་ལོ་ཙ་བ་བནདེ་དཔལ་རྩེགས་ཀྱིས།། ཞུས་ཏེ་གཏན་ལ་ཕོབ་པ།།
242a5 རྒྱ་གར་སྐད་དུ། ཨརྱ་བྲ་ཧཱ་པ་རི་པྲྀ་ཛྙཱ་ནཱ་མ་མ་ཧཱ་ཡཱ་ན་སུ་ཏཱ། བོད་སྐད་དུ།། འཕགས་པ་ཚངས་པས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།། སངས་རྒྱས་དང་། བྱང
242a6 ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་གྲོང་ཁྱེར་ཡངས་པ་ཆེན་པོའི་ཁང་པ་བརྩེགས་པའི་གནས་ན། དགེ་སློང་ཁྲི་ཉི་སྟོང་གི་དགེ་སློང
242a7 གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཏུ་མང་པོ་དང་ཐབས་གཅིག་ཏུ་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་མི་ཉལ་ཙམ་གྱི་ནམ་གྱི་གུང་ཐུན་ལ། དཀྱིལ་མོ་བཀྲུང་བཅས་ནཱ།




iiif viewer powered by OpenSeadragon

241b - 242b

Texts on this page

Ng47.4 - 'phags pa rin chen dra ba can gyis zhus pa zhes bya ba theg pa chan po'i mdo
Ng47.5 - 'phags pa tshangs pas zhus pa zhes bya ba theg pa chen po'i mdo