e-texts navigator
Collection
Volume
Page
Wylie

1b1 དབང་ཕྱུག་དང་། ལག་ན་རྡོ་རྗེ་ལ་བཀའ་བསྐུལ་པ། འཕགས་པ་སྤྱན་རས་གཟིགས་ཀྱི་དབང་ཕྱུག་ཁྱོད་སོང་ལ། མི་འཇེད་ཀྱི་འཇིག་རྟེན་གྱི་ཁམས་འདི་དང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གཞན
1b2 དག་ན། ཁྱོད་ཀྱིས་འདུལ་བར་འགྱུར་བའི་སེམས་ཅན་བསྙིགས་མའི་རང་བཞིན་ཅན་མ་དད་པ་སྡིག་པ་སྤྱོད་པ། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་དག་གིས་སྒྲིབས་པ་མར་མི་ཤེས་པ། པར་མི་ཤེས་པ། ད
1b3 སྤྱོད་དུ་མི་འཛིན་པ། བྲམ་ཟེར་མི་འཛིན་པ། དཀོན་མཆོག་གསུམ་ལ་མངོན་པར་མ་དད་པ་དེ་དག་ཐམས་ཅད་ལག་ན་རྡོ་རྗེ་དང་གཉིས་ཀྱིས། རྫུ་འཕྲུལ་ཆེན་པོ་དང་། ཏིང་ངེ་འཛིན་གྱི་སྟོབས་ཀྱི
1b4 ཤུགས་ཀྱིས། འཁོར་གྱི་དཀྱིལ་འཁོར་འདིར་བསྡུ་ཤིག་དེ་ནས་བྱང་ཆུབ་སེམས་དཔལ་འཕགས་པ་སྤྱན་རས་གཟིགས་ཀྱི་དབང་ཕྱུག་དང་། བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེས།
1b5 བཞིན་གཤེགས་པ་ལས་ཚིག་འདི་ཐོས་ནས་སེམས་ཅན་ཐོས་ཅད་ལ་བལྟ་བ་དང་། ཡང་དག་པར་སྐུལ་བར་འགྱུར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། ཏིང་ངེ་འཛིན་དེའི་མཐུས་ས
1b6 ཆེན་པོ་འདི་རྣམ་པ་དྲུག་ཏུ་གཡོས། རབ་ཏུ་གཡོས། ཡང་དག་པར་རབ་ཏུ་གཡོས་སོ།། དེ་ནས་ལུས་ལས་འོད་ཟེར་བརྒྱ་སྟོང་དུ་མ་བྱུང་ངོ་།། བྱུང་ནས་ཀྱང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི།
1b7 ཀུན་དུ་སྣང་བར་བྱས་ཏེ། ཚངས་པའི་འཇིག་རྟེན་མན་ཆད་གཟུགས་ཡོད་པ་དང་། གཟུགས་ཀྱིས་ཁྱབ་པ་མན་ཆད་དུ་སྣང་བར་བྱས་ཏེ། འོད་གཟེར་དེ་དག་ལས་ཀྱང་། ཡང་དག་པར་སྐུལ་བའི་ཚིགས་སུ




iiif viewer powered by OpenSeadragon

1a - 2a

Texts on this page

Ng47.1 - 'phags pa zung gi mdo'i chos kyi rnams grangs