e-texts navigator
Collection
Volume
Page
Wylie

215b1 དེ་ན་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་ཆོས་ཀྱི་རྣམ་གྲངས་འདི་ལ་མཆོད་པའི་ཕྱིར་རོ།། བཅོམ་ལྡན་འདས་ལ་ལྷའི་མེ་ཏོག་ཡན་འདར་བ་དག་གྱིས་མངོན་པར་གཏོར་ནས་སོ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ།
215b2 ནས།། ལན་གསུམ་བསྐོར་བ་བྱས་ནས་ཡིད་དགའ་བ་དང་། སེམས་དགེ་བ་དང་།། སེམས་སྙིལ་པ་བྱེད་པ་དང་། སེམས་ཀུན་ནས་ལྡང་བ་མྱེད་པ་དེ་བཞིན་གཤེགས་པའི་མཚན་ཡོངས་སུ་བརྗོད་པའི་ཆོས་ཀྱི་རྣམ་གྲངས་འཛིས
215b3 ཡིད་ལ་བྱེད་བཞིན་དུ་སླད་གྱིས་ཀྱང་བདག་གིས་བཅོམ་ལྡན་འདས་ཀྱི་ཞལ་མཐོང་བར་གྱུར་དོ་ཅིག། ཅེས་ཚིག་དུ་སྨྲས་ནས་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་དང་། ལྷན་ཅིག་དུ་བཅོམ་ལྡན་འདས་ཀྱི་ཟད་ནས་དོང་ངོ་།།
215b4 བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས།། ལི་ཙ་བྱི་རྩ་ལ་རབ་དང་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིདན་དང་།། ལྷ་དང་མྱི་དང་ལྷ་མ་ཡི་ན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡིད་རངས་ཏེ།། བཅོམ་ལྡན
215b5 འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། འཕགས་པའདྲ། ཞེས་བརྒྱད་པ་ཞེས་བྱ་བ་ཐེག་པ་ཆེན་པའི་མནའོ།། རྫོགས་སྷོ།། ། རྒྱག་མ་སྐད་དུ། ཨ་ནྱ་ན་རིག་མད་དྷ་ཀ་ར་བིད་དྷ་མ་ས་མམམ
215b6 ཧ་ཡ་ན་སུ་ཏ་མ།། བོད་སྐད་དུ།། འཕགས་པ་ཕྱོགས་བཅུའི་མུན་པ་རྣམ་པར་སེལྡ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོལ།། སངས་རྒྱ་ས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།།
215b7 འདི་སྐད་བདག་གྱིས་ཟོས་པ་དུས་གཅིག་ན།། བཅོམ་ལྡན་འདས་ཤག་ཀྱ་རྣམས་ཀྱི་ནང་ན།། སེར་སྐྱའི་གནས་ཤིང་ནྱ་གྲོ་དའི་ཀུན་དགའ་ར་བ་ན།། དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་།
215b8 བྱམས་པ་དང་། འཇམ་དཔལ་ལ་སྩོགས་པ་བྱང་ཆུབ་སེམས་དཔའི་འཁོར་ཆེན་པོ་དང་ཐབས་གཅིག་ཏུ་བཞུགས་སོ།། དེ་ནས་བཅོམ་ལྡན་འདས་སྤུ་དྲོའི་དུས་ཀྱི་ཚེ།། ཤམ་པ་ཐབས་གསོསང་ནས། ལྟུང་ཟེད་དང་། ཆོས
215b9 གོས་བསྣམས་ཏེ།། དགེ་སློང་གྱི་དགེ་འདུན་གྱིས་ཡོངས་སུ་བསྐོར་ཅིང་།། དགེ་སློང་གི་དགེ་འདུན་གྱིས་མདུན་དུ་བདར་ནས་སེར་སྐྱའི་གནས་ཀྱི་གྲོང་ཁྱེར་ཆེན་པོར་བསོད་སྙོས་ལ་གཤེགས་སོ།། དེའི་ཚེ་ནཻ་ཤ་ཀ་ཀྱ་གཞོན་དུ




iiif viewer powered by OpenSeadragon

215a - 216a

Texts on this page

Ng45.12 - 'phags pa bkra shis brgyad pa zhes bya ba theg pa chen po'i mdo
Ng45.13 - 'phags pa phyogs bcu'i mun pa rnam par sel ba zhes bya ba theg pa chen po'i mdo