| e-texts navigator |
| Wylie |
214b1 པར་རྫོགས་པའི་སངས་རྒྱས་དགེ་བར་གྲགས་པ་དཔལ་དམ་པ་ཞེས་བྱ་བ་བཞུགས་སོ།། རྩལ་རབ་ཤར་ཕྱོགས་ན་འཇིག་རྟེན་གྱི་ཁམས་སྣ་ཚོགས་ལྡན་ཞེས་བྱ་བ་ཡོད་དེ།། དེར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་།
214b2 དག་པར་རྫོགས་པའི་སངས་རྒྱས་སུན་པོ་ལྟར་འཕགས་པ་རྩལ་རབ་གྲགས་པའི་དཔལ་ཞེས་བྱ་བ་བཞུགས་སོ།། མལ་རབ་ཤར་ཕྱོགས་ན་འཇིག་རྟེན་ཀྱི་ཁམས་དཔས་འབར་ཞེས་བྱ་བ་ཡོད་དེ། དེད་དེ་བཞིན་གཤེགས
214b3 པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སེམས་ཅན་ཐམས་ཅད་ལ་དགོངས་པ་གྲགས་པ་དཔལ་ཞེས་བྱ་བ་བཞུགས་སོ།། རྩལ་རབ་ཤར་ཕྱོགས་ན་འཇིག་རྟེན་གྱི་ཁམས་རྡོ་རྗེ་གྲགས་པ་དཀའ་བ་ཅན
214b4 ཞེས་བྱ་བ་ཡོད་དེ།། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་དང་དག་པར་རྫོགས་པའི་སངས་རྒྱས་ཡིད་ཚིམ་པར་མཛད་པ་མརབ་གྲགས་པའི་དཔལ་ཞེས་བྱ་བ་བཞུགས་སོ།། མལ་ར
214b5 སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་མཚན་འདི་དག་ལེགས་པར་རབ་དུ་གཟུང་བར་བྱའོ།། ཀུངན་ཆུབ་པར་བྱའོ།། @བར་བྱའོ།། ཐས་རབ་སངས་རྒྱས་བཅོམ་ལྡན་འདས་ཐམས
214b6 ཅད་འི་ཡོད་ཏན་མཉམ་པ་དང་ལྡན་མོད་ཀྱི་འོད་ཀྱང་མལ་རབ་དེ་ལྡན་ན། གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དག་གི་སངས་རྒྱས་ཀྱི་ཞིང་ནི་ཡོངས་སུ་དག་པ་སྟེ། སྟེགས་མ་རྣམས
214b7 དང་བྲལ་བ་ཡིན་ནོ།། རྩལ་རབ་ཁྱོད་ཀྱིས་གང་གི་ཚེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འདི་དག་གི་མཚན་རྣམས་བླངས་ནས་འཛིར་མ།། དེས་ཡོད་ཏན་གྱི་ཁྱད་པར་དེ་དག
214b8 དང་། གཞན་དག་དུ་ཡང་འགྱུར་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་མཚན་འདི་དག་རི་སྔོན་གྱི་སྨོན་ལམ་གྱི་ཡོན་ཏན་དང་ལྡན་པ་ཡིན་པའི་ཕྱིར་རོ།། ནུབ་མོ་སོད་ཟེར་ན་ཡང་ཁྱོད་ཀྱིས་མཚན་འདི་དག་བས
214b9 བར་བྱའོ།། ལྡན་ཡང་བསམ་པར་བྱའོ།། འཇིག་རྟེན་གྱི་བྱ་བ་གསོ་རྩ་ཡང་རུང་བ་དག་རྩོམ་པ་དག་ན་ཡང་ཐམས་ཅད་ལ་མཚན་འདི་དག་བསམས་ནས་དེའི་འོག་ཏུ་དེ་བརྩམས་པ་དེ་ཡང་ཁྱོད་ལ་འཕེལ་བ་ཉིད་དུ་འགྱུར་གྱི།