e-texts navigator
Collection
Volume
Page
Wylie

213b1 འདི། དེའི་ཚེ་དེའི་དུས་ན་དགེ་སློང་རྣམ་པར་རྒྱལ་བ་འབྱུང་བ་ཞེས་བྱ་བར་གྱུར་ཏོ།། སེང་གེའི་རྒྱལ་པོ་བཀོད་པ་དེའི་ཚེ་དེའི་དུས་ན་ཁྱིམ་བདག་དྲག་ཤུས་ཅན་གྱིས་བྱེན་པ་ཞེས་བྱ་བ་དེ་གཞན་ཞིག་ཡིན་པ་སྙམ་དུ་སོས།
213b2 ཉི་འམ་ཡིད་གཉིས་ཅན་དེ་ལྟར་གྱི་ལྟ་སྟེ། ང་ཉིད་དེའི་ཚེ་རོའི་རུས་ན་དྲག་ཤུས་ཅན་གྱིས་བྱིར་ཞེས་བྱ་བའི་ཁྱིམ་བདག་དུ་མྱུ་རད་ཏོ།། ངས་ཡི་རོལ་དུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱ་བ་བར་དང་།
213b3 སངས་རྒྱས་ཉིད་ཐོབ་ཀྱི་བར་དུ་ཚེ་རབས་བྱེ་བ་ཞག་ཁྲིག་ཕྲག་འབུམ་དེ་དང་དེ་དག་དུ།། ཆོས་འདི་ཀུན་ཏུ་བསྙེན་ཏོ།། བསྒོམས་སོ།། མང་དུ་བྱས་སོ།། རིགས་ཀྱི་བུ་གང་གིས་ན།། ངའི་འཁོར་གྱི་དཀྱི
213b4 འཁོར་བཀོད་པ་འདི་འདྲ་བར་གྱུ་རང་བའི་རྒྱུ་ནི་དེ་ཡིན་ནོ།། རྐྱེན་ནི་དེ་ཡིན་ནོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལདདེ་ནས།། བྱང་ཆུབ་སེམས་དཔའ་སེང་གེའི་རྒྱལ་པོ་བཀོད་པ།
213b5 དང་།། དགེ་སློང་དེ་དག་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དང་། ལྷ་དང་མྱི་དང་། ལཱ་མ། ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡིད་རངས་ཏེ།
213b6 བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་ངོ་།། འཕགས་པ་དཀྱིལ་འཁོར་བརྒྱད་ཅེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཐེག་པ་ཆེན་ལོའི་མདོའོ།། ། རྫོགས་སྷོ།། རྒྱ་གར་སྐད་དུ
213b7 ཨརྱ་མཥ་མཾ་ག་ལ་ཀན་ན་མ་ཡཱ་ཧཱ་ཡ་ན་སུ་ཏྲ། བོད་སྐད་དུ། འཕགས་པ་བཀྲ་ཤིས་བརྒྱད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད
213b8 བདག་ཀྱིས་ཟོས་པའི་དུས་ཅིཀར།། བཅོམ་ལྡན་འདས་ཡངས་པ་ཅན་ན་ཨ་མྲ་སྲུང་བའི་ཚལ་ན་བཞུགས་སོ།། དེ་ནས་ལི་ཚེ་བྱིའུ་རྩལ་རབ་བཅོམ་ལྡན་འདས་ཀ་ལ་བ་དེར་སོང་སྟེ་ཕྱི་ནད་ནས། བཅོམ་ལྡན་འདས་ཀྱི
213b9 ཞབས་ལ་མགོ་བོས་ཕྱག་འཚལ་ནས།། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་ལ་ལ་སྔོན་གྱི་སྨོན་ལམ




iiif viewer powered by OpenSeadragon

213a - 214a

Texts on this page

Ng45.11 - 'phags pa dkyil 'khor brgyad pa ces bya ba'i chos kyi rnam grangs theg pa chen po'i mdo
Ng45.12 - 'phags pa bkra shis brgyad pa zhes bya ba theg pa chen po'i mdo