| e-texts navigator |
| Wylie |
195a1 ཐམས་ཅད་ལ་ཚིག་འདི་སྐད་ཅེས།། ཀྱེ་སྐྱེས་པ་དང་། བུད་མྱེད་དག་ཚུར་ཤེཀ། ལྷའི་དབང་པོ་བརྒྱ་བྱིན་འདི་ཁང་བཟངས་རྣམ་པར་རྒྱལ་བྱེད་ཀྱི་ནང་ན། ལྷའི་འདོད་པའི་ཡོན་ཏན་ལྔ་པོ་དེ་དག་གིས་རྩེ་བ་དང་། དཀའ་བ
195a2 དང་། དཀལ་དགུར་འགྱོད་པ་བྱེད་པ་ལ་ལྟོས།། ཀྱེ་སྐྱེས་པ་དང་། བུད་མྱེད་ཀྱི་ཚོགས་དག་ཚུར་ཤེག། སྦྱིན་པ་དག་བྱིན་ཅིག། བསོད་ནམས་དག་གིས་ཤིག། ཚུལ་ཁྲིམས་ཡང་དག་པར་སོང་སྟེ། འདུག་ཤིག་དང་། ཁང་བཟངས་རྣམ་པར
195a3 རྒྱས་བྱེད་འདི་ལྟ་བུ་དག་གི་ན་ན། རྩེ་བར་འགྱུར། དགའ་བར་འགྱུར། དགའ་དཀུར་སྤྱོད་པར་འགྱུར་ཞིང་། བརྒྱ་བྱིན་ཉིད་འཐོབ་པར་ཡང་འགྱུར་ལ། ལྷའི་དབང་པོ་བརྒྱ་བྱིན་ལྷའི་ལོངས་ཁྱོད་དག་གིས་འབྱོར་དེ་ཅིང་ལྡན་པར་གྱུར
195a4 པ་ནི་འདྲ་བ་དེ་འདྲ་བའི་འབྱོར་པ་དག་དང་ལྡན་པར་ཡང་འགྱུར་རོ་ཞེས་ཡང་དག་པར་བསྐུལ་བར་ཡང་བྱེད་ལ། འཇམ་དཔལ་དེ་ནས་སྐྱེས་པ་དང་བུད་བྱེད་དང་། ཁྱེའུ་དང་། བུ་མོ་དེ་དག་ཀྱིས་བྱེ་དུ་རྱ་ཆེན་པོའི་རང་བཞིན
195a5 གྱི་ས་གཞི་ཆེན་པོ་དེ་ལ་སུམ་ཅུ་རྩ་གསུམ་པའི་གནས་དང་། འང་བཟང་ས་རྣམ་པར་རྒྱལ་བྱེད་དང་། ལྷའི་དབང་པོ་བརྒྱ་བྱིན་གྱི། གཟུགས། བརྙན་མཐོང་ནས། ཐལ་མོ་སྦྱོར་ཞིང་མེ་ཏོག་དག་ཀྱང་འཐོར་བར་བྱེད
195a6 སྤོས་དག་ཀྱང་འབོར་བར་བྱེད་ལ། ཚིག་འདི་སྐད་ཅེས་བདག་ཅག་ཀྱང་ལྦ་ན་དབང་པོ་བརྒྱ་བྱིན་མི་འདྲ་བ་དེ་འདྲ་བའི་ལུས་ཐོབ་པར་གྱུར་ད་ཅིག། བདག་ཅག་ཀྱང་ཇི་ལྟར་ལྷའི་དབང་པོ་བརྒྱ་བྱིན་འདི་ཁང་བཟངས་རྣམ་པར་རྒྱལ་བྱེད་ཀྱི
195a7 ན། ལྷའི་འདོད་པའི་ཡོན་ཏན་ལྔ་པོ་དག་གིས་རྩེ་བ་དང་། དཀའ་བ་དང་། དགའ་དགུར་སྤྱོད་པར་བྱེད་པ་དེ་ལྟར་གྱུར་ད་ཅིག་ཅེས་བརྗོད་པར་བྱེད་ཀྱང་། སེམས་ཅན་དེ་དག་གིས་ནི་འདི་ལྟར་བྱེ་དུ་རྒྱ་ཆེན་པོའི་རང་བཞིན་གྱི་ས་གཞི་རྟེན
195a8 པོ་ལ། སུམ་ཅུ་རྩ་གསུམ་པའི་གནས་པ་དང་། ཁང་བཟངས་རྣམ་པར་རྒྱལ་བྱེད་དང་། ལྷའི་དབང་པོ་བརྒྱ་བྱིན་སྣང་བ་འདི་ནི། བྱེ་དཱུ་རྱ་ཆེན་པོའི་རང་བཞིན་ཡོངས་སུ་དག་པའི་ཕྱིར་གཟུགས་བརྙན་ཀུན་ཏུ་སྣང་བ་ཡིན་ནོ་ཞེས
195a9 དེ་ལྟར་ཡོངས་སུ་མྱི་ཤེས་ཏེ། དེ་དག་བརྒྱ་བྱིན་ཉིད་འདོད་པས་སྦྱིན་པ་དག་ཀྱང་སྦྱིན། བསོད་ནམས་དག་ཀྱང་བྱེད། ཚུལ་ཁྲིམས་ཀྱང་ཡང་དག་པར་བླངས་ཏེ། གནས་ཤིང་དགེ་བའི་རྩ་བ་དག་ཀྱང་སུམ་བཅུ་རྩ་གསུམ་པའི་གནས