e-texts navigator
Collection
Volume
Page
Wylie

194a1 སངས་པར་མཛོད།། གང་ཐོས་སེང་གེའི་འི་འདི་འདྲ་ཐོབ་པ།། ཆོས་དེ་སྲོག་ཆགས་བྱེ་མང་བསྟན་དུ་གསོལ།། ཁྱོད་ཀྱི་སྐུ་ལས་འོད་གསེར་སྟོང་བྱུང་སྟེ། འཇིག་རྟེན་ཁམས་མཔ་རབ་ཏུ་སྣང་བགྱིད་པ།། དེ་ནི་འདས་།
194a2 ཀཽ་དགལ་མཆོག་སྐྱེས་པའི་མཚན།། འདྲེས་པ་བདག་གི་སླད་དུ་བཞུགས་སུ་གསོལ།། སྔོན་ཡང་བདག་གིས་ཕྱོགས་འདིར་རང་བྱུང་བའི།། ཐུབ་པ་བྱེ་བ་ཕྲག་བརྒྱད་བཏེག་གྱུར་དཔས།། སྦྱར་དུ་བཞུགས་ཏེ་ཕན་གདགས་མངང་དུ
194a3 བཅོམ་ལྡན་འདས་དེང་འདིར་ཕན་གདགས་མཛད་དུ་གསོལ།། དེ་ནས་བཅོམ་ལྡན་འདས་གདན་སྔ་མ་ལས་བཞེངས་ཏེ། སེང་གེའི་ཁྲི་ནོར་བུ་རིན་པོ་ཆེ་ཆེན་པོའི་པད་མའི་སྙིང་པོ་ཅན་དེ་ལ་སྐྱིལ་མོ་ཀྲུང་བཅས་ཏེ་བཞུགས་ནས།། ཐམས
194a4 ཅད་དང་ལྡན་པའི་བྱང་ཆུབ་སེམས་དཔའི་ཚོགས་ལ་རྣམ་པར་གཟིགས་ཏེ་སྲ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ལ་ཡང་དག་ཕུལ་གྱི་ཆོས་བསྟནད་པའི་ལྟས་མཛད་དོ།། དེའི་ཚེ་ན། ཐམས་ཅད་དང་ལྡན་པ།
194a5 འིབྱང་ཆུབ་སེམས་དཔའི་ཚོགས་རྣམས་འདི་སྙམ་དུ་སེམས་ཏེ། འཇམ་དཔལ་གཞོན་ནུར་གྱུར་པ་འདིས་དེ་བཞིན་གཤེགས་པར། གྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ། བདག་ཅན
194a6 ཐོས་ནས་ཡུན་རིང་དུ་ལོན་པ། སྐྱེ་བ་མྱེད་པ་དང་། འགག་པ་མྱེད་པའི་ཆོས་ཀྱི་རྣམ་གྲངས་དེ་ཡོངས་སུ་ཞུས་ན་ཅི་མ་རུང་སྙམ་མོ།། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས། བཅོམ་ལྡན་འདས་ཀྱི་ལྟས་མཛད།
194a7 བ་ཡང་རིག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གི་སེམས་ཀྱི་ཡོངས་སུ་རྟོག་པ་ཡང་སེམས་ཀྱིས་ཤེས་ནས་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་བཟར་ནས། པུས་མོ་གཡས་པའི་ལྷ་ང་པད་མའི་སྙིང
194a8 པོ་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་སྐྱེ་བ་མ་མཆིས་པ་དང་། འགག་པ་མ་མཆིས་པ་ཞེས་བགྱིས་ན།
194a9 བཅོམ་ལྡན་འདས་སྐྱེ་བ་མ་མཆིས་པ་དང་། འགག་པ་མ་མཆིས་པ་ཞེས་བགྱི་བ་དེ་ཆོས་གང་གི་ཚིག་བླ་དགས་ལགས།། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་ཀྱང་གསོལ་ཏོ།། མྱི་སྐྱེ་འགག་པ་མ་མཆིས་པ།། རྣམ་འདྲེན་ཁྱོད




iiif viewer powered by OpenSeadragon

193b - 194b

Texts on this page

Ng27.5 - 'phags pa sangs rgyas thams cad kyi yul la 'jug pa'i ye shes snang ba'i rgyan zhes bya ba theg pa chen po'i mdo