e-texts navigator
Collection
Volume
Page
Wylie

193a1 ཆེ་གློག་གི་སྒྲོན་མའི་ཁ་ཁྱེར་གྱིས་ཡོངསུ་བསྐོར་བ། ནོར་བུ་རིན་པོ་ཆེ་འོད་བསམ་གྱིས་ཀྱི་ཁྱབ་པའི་ལན་ཀན་གྱིས་ཡོངས་སུ་བསྐོར་ལ། ནོར་བུ་རིན་པོ་ཆེ་དཔེའ་མྱེད་པས་ཡོངས་སུ་བསྐོར་བ། ནོར་བུ་རིན་པོ་ཆེ
193a2 སྣང་བ་དཔེ་ལས་འདས་པའི་འཕྲེང་བས་མཛེས་པར་བྱས་པ། ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོ་དྲ་བས་ཀུན་ནས་གཡོགས་པ། ནོར་བུ་རིན་པོ་ཆེ་རྣམ་པ་སྣ་ཚོགས་ཀྱིས་སྤྲས་པ། གདུགས་དང་། རྒྱལ་མཚན་དང་། བ་དན་སྨེད་བ
193a3 དང་ལྡན་པ་ཞིག་བྱུང་བར་གྱུར་ཏོ།། སེང་གེའི་ཁྲི་ནོར་བུ་རིན་པོ་ཆེ་ཆེན་པོའི་སྙིང་པོ་ཅན་དེའི་འོ་ར་ཁོར་ཡུག་ནས། འོད་ཟེར་གྲངས་མྱེད་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་བཅུ་བྱུང་བ་སྟེ། འོད་དེ་དག་གིས་ཕྱོགས་བཅུའི་འཇིག
193a4 རྟེན་གི་ཁམས་གཞན་དང་གཞན་དག་སྣང་བ་ཆེན་པོས་ཁྱབ་པར་གྱུར་ཏོ།། ཡང་དེའི་ཆེན། ཕྱོགས་བཅུའི་ཕྱོགས་རེ་རེ་ནས་ཀྱང་། དང་། ཀླུ་དང་། གནོད་སྦྱིན་དང་། དྲི་བ་དང་། ལྷ་མ་ཡིན་དང་། ནམ
193a5 མཁའ་ལྡིང་དང་། མྱི་འམ་ཅི་དང་། ལྟེ་འཕྱེ་ཆེན་པོ་དང་། བརྒྱ་བྱིད། དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་སངས་རྒྱས་ཀྱི་ཞིང་བྱེ་བ། ཟག་ཞིག་འབུམ་ཟག་བརྗོད་དུ་མྱེད་པ་བཅུའི་རྡུལ་ཕྲ་རབ་ཀྱི་ཚུལ་སྐྱེད
193a6 དག་ཀྱང་ལྷགས་པར་གྱུར་ད་ཏེ།། དེ་དག་ལས་ཁ་ཅིག་ནི་རིན་པོ་ཆེ་འཁང་པ་ལེགས་པ་དག་ན་འཁོད་ལ། ལྷའི་བུ་མོ་བྱེ་བ་ཁྲག་ཁྲིག་འབུས་ཕྲག། གྲངས་མྱེད་ཅིང་བསམ་གྱིས་མྱི་ཁྱབ་པ། ཀླུ་དབྱངས་དང་། རོལ་མོའི་སྒྲ
193a7 འབྱིདད་པ་དག་དང་ལྷགས་སོ།། ཁ་ཅིག་ནི་མེ་ཏོག་ལས་བྱས་པ་དག་དང་། ཁ་ཅིག་ནི་ཅན་ངས་སྦྲུས་ཀྱི་སྙིང་པོ་ལས་བྱས་པ་དག་དཔལ་ཅིག་ནི་མུ་ཏིག་ལས་བྱས་པ་དག་དང་། ཁ་ཅིག་ནི་རྡོ་རྗེ་ལས་བྱས་པ་དག་དང་། ཁ་ཅིག་ནི
193a8 ནོར་བུ་རིན་པོ་ཆེ་དེ་རྗེ་ལྟར་སྣང་བ་ལས་བྱས་པ་དག་དང་། ཁ་ཅིག་ནི་འཛམ་བུའི་ཆུ་བོའི་གསེརམ་ལས་བྱས་པ་དག་དང་། ཁ་ཅིག་ནི་ནོར་བུ་རིན་པོ་ཆེའི་འོད་ཐམས་ཅད་ཡང་དག་པར་འདུས་པ་ལས་བྱས་པ་དག་དང་། ཁ་ཅིག་ནི་ནོར
193a9 རིན་པོ་ཆེ་དབང་གི་རྒྱལ་པོ་ལས་བྱས་པ་དག་དང་། ཁ་ཅིག་ནི་རིན་པོ་ཆེ་ཡིད་བཞིན་གྱི་ནོར་བུ་ལས་བྱས་པ་དག་དང་། ཁ་ཅིག་ནི་ནོར་བུ་རིང་པོ་ཆེ་བརྒྱ་བྱིན་ཐོགས་པ་ལས་བྱས་པ་དག་དང་། ཁ་ཅིག་ནི་རྒྱ་མཚོའི་རྟེན་འམ་པར་དག་པའི་རི




iiif viewer powered by OpenSeadragon

192b - 193b

Texts on this page

Ng27.5 - 'phags pa sangs rgyas thams cad kyi yul la 'jug pa'i ye shes snang ba'i rgyan zhes bya ba theg pa chen po'i mdo