| e-texts navigator |
| Wylie |
192b1 ཀྱང་དེ་བཞིན་གཤེགས་པའི་སྤྱོད་ལམ་དང་ལྡན་པ། ཐམས་ཅད་ཀྱང་མངོན་པར་ཤེས་པ། ཡོངས་སུ་སྦྱངས་པས་ངེས་པར་བྱུང་བ། ཐམས་ཅད་ཀྱང་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱི་རང་བཞིན་ལ་གནས་པ་ཤ་སྟག་དང་། ཐབས་གཅིག།
192b2 ཏུ་བཞུགས་སོ།། དེའི་ཚེ་ན་བཅོམ་ལྡན་འདས་འདི་སྙམ་དུ་བདག་གིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་མྱུར་བ་དང་། སྟོབས་དང་། ཤུགས་ཆེན་པོ་ཡང་དག་པར་བསྐྱེད་པར་བྱ་བའི་ཕྱིར་ཆོས་གཏམ་བརྗོད་པར་བྱ་ཞིང་།
192b3 འཇིག་རྟེན་གི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དག་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཟི་བརྗིད་ཆེ་བ་དག་བསྡུ་བར་ཡང་བྱ། བདག་གིས་ཆོས་བསྟནད་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་བཤད་པའི་ལྟས་སྣང་བ་ཆེན་པོ་ཡང
192b4 བསྟནད་པར་བྱ།། བདག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལྷགས་ནས། བདག་ལ་ཆོས་བསྟནད་པ་ཆེན་པོ་ཡོངས་སུ་ཞུ་བར་འགྱུར་བར་ཡང་བྱའོ་སྙམ་དུ་དགོངས་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས
192b5 དེའི་ཚེ་ཕྱོགས་བཅུའི་འཇིག་རྟེན་གི་ཁམས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་འམས་གྲངས་མྱེད་ཅིང་།། བསམ་གྱིས་མྱི་ཁྱབ་པ་དག། གི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་དག་འོད་ཟེར་ཆེན་པོའི་སྲིན་དག་གིས་སྣང་བ
192b6 མཛད་དོ།། དེའི་ཚེ་ན། ཕྱོགས་བཅུའི་ཕྱོགས་རེ་རེ་ནས་ཀྱང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཞྭ་ག་འབུམ་ཕྲག་བརྗོད་དུ་མྱེད་པ་བཅུའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་དག་ལྷགས
192b7 སོ།། དེ་དག་ལས་བྱང་ཆུབ་སེམས་དཔའ་རེ་རེ་ཡང་བྱང་ཆུབ་སེམས་དཔའ་རྣམ་པར་འཕྲུལ་པ་བསམ་གྱིས་མྱི་ཁྱབ་པ་དག་གིས་འོངས་ཏེ། ལྷགས་ནས་ཀྱང་བཅོམ་ལྡན་འདས་ལ་ཚུལ་དང་འཐུན་པའི་མཆོད་པ་བསམ་གྱིས་མྱི་ཁྱབ
192b8 པ་དག་བྱས་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་རང་རང་ཀྱི་སྨོན་ལམ་གྱི་སྟོབས་ལས་བྱུང་བའི་པད་མའི་སྟན་དག་ལ་འཁོད་དེ། བཅོམ་ལྡན་འདས་ལ་མྱིག་མྱི་འཛུམས་པར་ལྟ་ཞིང་སྡོད་པར་གྱུར་ད་ཏོ།། དེའི་ཚེ་ན། ཆོས་ཀྱི་དབྱིངས
192b9 ཀྱི་སྙིང་པོའི་ཁང་བཟངས་དེའི་དབུས་སུ་སེང་གེའི་ཁྲི་ནོར་བུ་རིན་པོ་ཆེ་ཆེན་པོའི་པད་མའི་སྙིང་པོ་ཅན། རྒྱར་དཔག་ཚད་བྱེ་བ་ཕྲག་གྲངས་མྱེད་པ་ཡོད་པ། རིམ་གྱིས་མཐོ་བ། ནོར་བུ་རིན་པོ་ཆེ་ཀུན་སྣང་བ་ལས་གྲུབ་པ། ནོར་བུ་རིན་པོ།