| e-texts navigator |
| Wylie |
192a1 རྒྱ་གར་སྐད་དུ། ཨརྱ་ས་རྦ་བུད་བྷ་བི་ཥ་ཡ་བ་ཏཱ་ར་དཉའ་ན་ལོ་ཀ་ལང་ཀ་ར་ན་མ་མ་ཧ་ཡ་ན་སུ་ཏྲ།། བོད་སྐད་དུ།། འཕགས་པ་སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལ་འཇུག་པ་ཡེ་ཤེས་སྣང་བའི་རྒྱན་ཅེས་བྱ་བ
192a2 ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཁྲོས་པ་ཞུས་ཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན། བྱ་རྒོད་ཀྱི་ཕུང་པོའི་རིའི་རྩེ་མོ་བཞི་པའི་དྲུང་།།
192a3 ཆོས་ཀྱི་དབྱིངས་ཀྱི་སྙིང་པོའི་ཁང་བཟངས་ན། འདི་ལྟ་སྟེ། ཉན་ཐོས་ཆེན་པོ་བརྒྱད་པོ་ཀུན་ཤེས་ཀོའུ་དིན་ནྱ་ལས་བཙོགས་པ། དགེ་སློང་ཉི་ཁྲི་ལྔ་སྟོང་གི་དགེ་སློང་གི་དགེ་འདུན་ཆེན་པོ་ཐམས་ཅད་ཀྱང་དགྲ་བཅོམ་པ། ཟག་པ་ཟད་པ
192a4 ཉོན་མོངས་པ་མྱེད་པ། དབང་དང་ལྡན་པར་གྱུར་པ། སེམས་ཤིན་ཏུ་རྣམ་པར་གྲོལ་བ། ཤེས་རབ་ཤི་ནད་ཏུ་རྣམ་པར་གྲོལ་བ། ཅང་ཤེས་པ། གླང་པོ་ཆེན་པོ། བྱ་བ་བྱས་པ། བྱེད་པ་བྱས་པ། ཁུར་བོར་བ། བདག
192a5 གི་དོད་རྗེས་སུ་ཐོབ་པ། སྲིད་པ་ཀུན་ཏུ་སྦྱོར་བ་ཡོངས་སུ་ཟད་པ། ཡང་དག་པའི་ཤེས་པས་སེམས་ཤི་ནད་ཏུ་རྣམ་པར་གྲོལ་བ། སེམས་ཐམས་ཅད་ཀྱི་དབང་གི་དམ་པའི་ཕ་རོལ་ཏུ་སོ་ནད་པ་ཤ་སྟག་ལ
192a6 འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། འཇས་དཔལ་གཞོན་ནུར་གྱུར་པ་དང་། ནོར་དཔལ་དང་། སངས་རྒྱས་དཔལ་དང་། སྨན་གྱི་རྒྱལ་པོ་དང་། སྨན་ཡང་དག་འཕགས་ལས་བཐོགས་པ། འཇིག་རྟེན
192a7 གྱི་ཁམས་གཞན་དང་གཞན་དག་གི་དེ་བཞིན་གཤེགས་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གིས་ཀུན་ནས་བཀྱེ་བའི་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་ཕྲག་བདུན་ཅུ་རྩ་གཉིས་ཐམས་ཅད་ཀྱང་ཕྱིར་མྱི་ལྡོག་པའི་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ
192a8 ཐམས་ཅད་ཀྱང་ཤིན་ཏུ་རྒྱས་པའི་སྡེ། དཀོན་མཆོག་ཆགས་པའི་མདོ་ཡོངས་སུ་ཞུ་བ་ལ་མཁས་པ། ཐམས་ཅད་ཀྱང་ས་བཅུ་པ་ཆོས་ཀྱི་སྲིན་ཐོབ་པ། ཐམས་ཅད་ཀྱང་ཤེས་རབ་ཀྱིས་རི་རབ་ལྟར་གྱུར་པ། ཐམས་ཅད་ཀྱང་སྟོང
192a9 ཉིད་དང་། མཚན་མ་མྱེད་པ་དང་། སྨོནད་པ་མྱེད་པ་དང་། སྐྱེ་བ་མྱེད་པ་དང་། འབྱུང་བ་མྱེད་པ་དང་། དངོས་པོ་མྱེད་པ་ཡོངས་སུ་བསྒོམས་པའི་སེམས་དང་ལྡན་པ། ཐམས་ཅད་ཀྱང་ཆོས་ཟབ་མོའི་སྣང་བ་ཆེན་པོ་ཐོབ་པ། ཐམས་ཅད