| e-texts navigator |
| Wylie |
191b1 བརྒྱད་ཅུའོ།། དགེ་སློང་དག་ཁྱེད་ལ་ཆོས་བཤད་པར་བྱ་སྟེ། ཚངས་པར་གྱོད་པ། ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། ཚིག་འབྲུ་བཟང་པོ། མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དག
191b2 པ། ཡོངས་སུ་བྱང་བ། འདི་ལྟ་སྟེ། དོན་རྣམ་པར་ངེས་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཡང་དག་པར་རབ་ཏུ་བཤད་པར་བྱ་ཞེས་གང་སྨྲས་པ་དེ་ནི་བཤད་པ་འདི་ཡིན་ནོ།། དགེ་སློང་དག་འདི་དག་ནི་དགོན་པའི་གནས། སམ། ཤིང
191b3 དྲུང་ངམ། ཁང་སྟོང་ངམ། རིའི་སུལ་ལམ། རིའི་ཕུག་གམ། སོག་ཁྲོད་དམ། བླ་གབ་མྱེད་པའམ། དུར་ཁྲོད་དམ། ནགས་ཚལ་གྱི་མཐོངས་སམ། བས་མཐའ་མལ་སྟན་དག་ཏུ་ངེས་པར་བསམ་གཏན་དུ་གྱིས་ཤིག། དགེ་སློང
191b4 དག་བག་མྱེད་པར་གྱུར་ད་ཏ་རེ། ཕྱིས་འགྱོད་པར་གྱུར་ད་ཏ་རེ། འདི་ནི་ངེད་ཀྱི་རྗེས་སུ་བསྟནད་པའོ།། ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན་དགེ་སློང་ལྔ་བརྒྱ་ཉེ་བར་ལེ་དད་པ་མྱེད་པར་ཟག་པ་རྣམས་ལས་སེམས
191b5 རྣམ་པར་གྲོལ་ལོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སཿལད་ནས། དགེ་སློང་དེ་དག་དང་། ལྷ་དང་མྱི་དང་། ལྷ་མ་ཡི། ན་དང་ཏྲི་བར་བཅས་པའི་འཇིག་རྟེན་དང་། ཐམས་ཅད་དང་ལྡན་པའི
191b6 འཁོར་དེ་ཡིད་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། དོན་རྣམ་པར་ངེས་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས།། ། རྫོགས་སྷོ།།