e-texts navigator
Collection
Volume
Page
Wylie

191a1 སྐུ་རིམ་པར་འཚམ་པ་དང་། སྐུ་ལོ་ལག་ཡངས་ཤིང་བཟང་བ་དང་། མཚན་ཡོངས་སུ་རྫོགས་པ་དང་། གོམ་པ་སྙོམས་པ་དང་། སྐུ་གཙང་བ་དང་། སྐུ་འཇམ་པ་དང་། སྐུ་རྣམ་པར་དག་པ་དང་། སྐུ་ཞུམ་པ་མྱེད་པ་དང་། སྐུ
191a2 རྒྱས་པ་དང་། སྐུ་ཤི་ནང་ཏུ་གྲིམས་པ་དང་། ཡན་ལག་དང་ཉིང་ལག་ཤིནད་ཏུ་རྣམ་པར་དབྱེས་པ་དང་། གཟིགས་པ་རབ་རིབ་མྱེད་ཅིང་རྣམ་པར་དག་པ་དང་། དཀུ་ཟླུམ་པ་དང་། དཀུ་སྐབས་ཕྱི་ནད་པ་དང་། དཀུ་མ་རྙོངས་པ་དང་། ཕྱལ་ཕྱང་ཕེ་བ
191a3 དང་། སྟེ་བ་ཟབ་པ་དང་། ལྟེ་བ་གཡས་ཕྱོགས་སུ་འཁྱིལ་པ་དང་། ཀུན་ནས་མཛེས་པ་དང་། ཀུན་ཏུ་སྤྱོད་པ་གཙང་བ་དང་། སྐུ་ལ་སྨེ་བ་དང་གནག་པ་མྱེད་པ་དང་། ཕྱག་ཤིང་བལ་ལྟར་ཤི་ནད་ཏུ་འཇམ་པ་དང་། ཕྱག་གི་རི་མོ་མདངས། ཡོད
191a4 པ་དང་། ཕྱག་གི་རི་མོ་ཟབ་པ་དང་། ཕྱག་གི་རི་མོ་རིང་བ་དང་། ཞལ་ཧ་ཅུང་ཡང་མྱི་རིང་བ་དང་། ཞལ་ལ་གཟུགས་ཀྱི་གཟུགས་བརྙན་སྣང་བ་ད་དང་། ལྗགས་སྲབ་པ་དང་། ལྗགས་འཇམ་པ་དང་། ལྗགས་དམར་བ་དང་།
191a5 གླང་པོ་ཆེའི་ང་རོ་དང་། འབྲུག་གི་སྒྲ་དང་ལྡན་པ་དང་། གསུང་སྙན་ཅིང་མཉེན་ལ་འཇམ་པ་དང་། མཆེ་བ་ཟླུམ་པ་དང་། མཆེ་བ་ནོ་བ་དང་། མཆེ་བ་དཀར་བ་དང་། མཉམ་པ་དང་། མཆེ་བ་བྱིན་གྱིས་ཕྲ་བ་དང་། ཤངས
191a6 མཐོ་བ་དང་། གངས་གཙང་བ་དང་། སྱན་ཡངས་པ་དང་། སྱན་རིང་བ་དང་། རྫ་མ་སྟུག་པ་དང་། སྱན་དཀར་ནག་འབྱེས་ཤིང་ཨུད་པ་ལའི་འདབ་མོ་ཡངས་པ་ལྟ་བུར་འདུག་པ་དང་། བྲང་ཆེ་ཞིང་རྒྱས་པ་མཁྲེགས་པ་དང་། སྨྱན
191a7 ཚུགས་རིང་བ་དང་། སྦྱིན་མ་འཇམ་པ་དང་། སྤྱན་མའི་སྤུ་མཉམ་པ་དང་། སྦྱིན་མ་སྣུམ་པ་དང་། སྙན་ཤལ་སྟཀ་ཅིང་རིང་བ་དང་། སྙན་མཉམ་པ་དང་། སྙན་གྱི་དབང་པོ་མ་ཉམས་པ་དང་། འཕྲལ་བ་ལེགས་པར་འབྱེས་པ་དང་།
191a8 འཕྲལ་བ་དབྱེས་པ་འཇས་པ་དང་། དབུ་ཤི་ནད་ཏུ་རྒྱས་པ་དང་། དབུ་སྐྲ་བུང་བ་ལྟར་གནག་པ་དང་། དབུ་སྐྲ་སྟུག་པ་དང་། དབུ་སྐྲ་འཇམ་པ་དང་། དབུ་སྐྲ་གྱི་འཇིང་བ་དང་། དབུ་སྐྲ་རྩི་བཤོར་བ་དང་། དབུ་སྐྲ་དྲི་ཞིམ་པ་དང་། སངས་རྒྱས།
191a9 བཅོམ་ལྡན་འདས་རྣམས་ཀྱི་ཕྱག་དང་ཞབས་ལ་དཔལ་གྱི་བེའུ་དང་། བཀྲ་ཤིས་དང་། གཡུང་རུང་འཁྱིལ་པ་དང་། འཁོར་ལོ་དང་། རྡོ་རྗེ་དང་། པད་མ་དང་། ཉ་ལས་སོགས་པའི་མཚན་ཡོད་པ་ཡིན་ཏེ། འདི་དག་ནི་དཔེ་བྱད་བཟང་པོ




iiif viewer powered by OpenSeadragon

190b - 191b

Texts on this page

Ng27.4 - don rnam par nges pa zhes bya ba'i chos kyi rnam grangs