e-texts navigator
Collection
Volume
Page
Wylie

179a1 ཤིག་ཤིག་པོར་གྱུར་པ་དང་། བློང་བ་དང་། ཞནད་པ་དང་། ཉམས་པ་དང་། ཡོངས་སུ་ཉམས་པ་སྟེ། འདི་ནི་རྒ་བ་ཞེས་བྱའོ།། འཆི་བ་གང་ཞེ་ན། གང་སེམས་ཅན་དེ་དང་དེ་དག་སེམས་ཅན་གྱི་རིས་དེ་དང་དེ་དག་ནས། འཆི་འཕོ།
179a2 བ་དང་ཞིག་པ་དང་། མྱི་རྟག་པར་འགྱུར་བ་དང་། འཆི་བའི་དུས་བྱེད་པ་དང་། ཆེ་ཉམས་པ་དང་། དྲོད་ཉམས་པ་དང་། སྲོག་གི་དབང་པོ་འགགས་པ་དང་། ཕུང་པོ་རྣམས་འདོར་བ་འདི་ནི་འཆི་བ་ཞེས་བྱ་བ་སྟེ། འཆི་བ་འདི་དང་སྔ་མ་རྒ་བ་དེ་ཀ
179a3 གཅིག་ཏུ་བསྡུས་ནས། རྒ་ཤི་ཞེས་བྱ་སྟེ། དགེ་སློང་དག་དེ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཡན་ལག་བཅུ་གཉིས་ཞེས་བྱས་སྟེ། དེ་ལ་འཕགས་པའི་བདེད་པ་བཞི་གང་ཞེ་ན། སྡུག་བསྔལ་འཕགས་པའི་བདེད་པ་དང་། སྡུག་བསྔལ་ཀུན
179a4 འབྱུང་བ་འཕགས་པའི་བདེན་པ་དང་། སྡུག་བསྔལ་འགོག་པ་འཕགས་པའི་བདེན་པ་དང་། སྡུག་བསྔལ་འགོག་པར་འགྲོ་བའི་ལམ་འཕགས་པའི་བདེན་པའོ།། སྡུག་བསྔལ་འཕགས་པའི་བདེན་པ་གང་ཞེ་ན། སྐྱེ་བའི་སྡུག
179a5 བསྔལ་དང་། རྒ་བའི་སྡུག་བསྔས་དང་། ན་བའི་སྡུག་བསྔལ་དང་། འཆི། བའི་སྡུག་བསྔལ་དང་། སྟུག་པ་དང་བྲས་པའི་སྡུག་བསྔལ་དང་། གྱི། སྡུག་པ་དང་ཕྲད་པའི་སྡུག་བསྔལ་དང་། གང་འདོད་ནས་བཙལ་ཏེ་མ་རྙེད་པ
179a6 དེ་ཡང་སྡུག་བསྔལ་ལོ།། མདོར་བསྡུས་ན་ཉེ་བར་ལེནད་པའི་ཕུང་པོ་ལྔ་པོ་དག་ནི་སྡུག་བསྔལ་ཡིན་ཏེ། འདི་ནི་སྡུག་བསྔལ་འཕགས་པའི་བདེ་ན་པ་ཞེས་བྱའོ།། སྡུག་བསྔལ་ཀུན་འབྱུང་བ་འཕགས་པའི་བདེན་པ་ག་ཞེ
179a7 ན། གང་འདི་ཡང་འབྱུང་བའི་སྲེད་པ་དང་། དཀའ་བའི་འདོད་ཆགས་དང་ལྡན་པ་དང་། དེ་དང་དེར་མངོན་པར་དཀའ་སྟེ། འདི་ནི་སྡུག་བསྔལ་ཀུན་འབྱུང་འཕགས་པའི་བདེན་པ་ཞེས་བྱའོ།། སྡུག་བསྔལ་འགོག་པ་འཕགས་པའི་བདེན་པ་གང
179a8 ཞེ་ན། ཀང་ཡང་འབྱུང་བའི་སྲེད་པ་དང་། དཀལ་བའི་འདོད་ཆགས་དང་ལྡན་པ་དང་། དེ་དེ་དང་དེར་མངོན་པར་དཀའ་བ་དེ་ཉིད་མ་ལུས་པར་སྤངས་པ་དང་། ངེས་པར་སྤངས་པ་དང་། བྱང་བར་གྱུར་པ་དང་། ཟད་པ་དང་། འདོད་ཆགས་དང་བྲལ
179a9 བ་དང་། འགོག་པ་དང་། རྣམ་པར་ཞི་བ་དང་། ནུབ་པ་སྟེ། འདི་ནི་སྡུག་བསྔལ་འགོག་པ་འཕགས་པའི་བདེན་པ་ཞེས་བྱའོ།། སྡུག་བསྔལ་འགོག་པར་འགྲོ་བའི་ལམ་འཕགས་པའི་བདེན་པ་གང་ཞེ་ན། འཕགས་པའི་ལམ་ཡན་ལག




iiif viewer powered by OpenSeadragon

178b - 179b

Texts on this page

Ng27.4 - don rnam par nges pa zhes bya ba'i chos kyi rnam grangs