| e-texts navigator |
| Wylie |
178b1 པ་ཞེས་བྱ་བ་ལ། སྲེད་པ་གང་ཞེ་ན། སྲེད་པའི་ཚོགས་དྲུག་སྟེ། དྲུག་གང་ཞེ་ན། གཟུགས་ལ་སྲེད་པ་དང་། སྒྲ་ལ་སྲེད་པ་དང་། དྲི་ལ་སྲེད་པ་དང་། རོ་ལ་སྲེད་པ་དང་། རེག་བྱ་ལ་སྲེད་པ་དང་། ཆོས་ལ་སྲེད་པའོ།། སྲེད་པའི་རྐྱེནད་ཀྱིས།
178b2 ལེནད་པ་ཞེས་བྱ་བ་ལ། ལེནད་པ་གང་ཞེ་ན། ལེ་ནད་པ་བཞི་སྟེ། བཞི་གང་ཞེ་ན། འདོད་པའི་ལེནད་པ་དང་། ལྟ་བའི་ལེ་ནད་པ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་ཀྱི་ལེནད་པ་དང་། བདག་ཏུ་སྨྲ་བའི་ལེ་ནད་པའོ།། ལེ་ནད་པའི་རྐྱེན་དཀྱིས
178b3 སྲིད་པ་ཞེས་བྱ་བ་ལ། སྲེད་པ་གང་ཞེ་ན། སྲིད་པ་གསུམ་མོ།། གསུམ་གང་ཞེ་ན། འདི་ལྟ་སྟེ། འདོད་པའི་སྲིད་པ་དང་། གཟུགས་ཀྱི་སྲིད་པ་དང་། གཟུགས་མྱེད་པའི་སྲིད་པའོ།། དེ་ལ་འདོད་པའི་སྲིད་པ་གང་ཞེ་ན། འོག་གི་སེམས་ན
178b4 དམྱལ་བ་ཆེན་པོ་མནར་མྱེད་པ་ནས་ཉེ་བར་བཟུང་སྟེ། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་བར་འདི་ནི་འདོད་པའི་སྲེད་པ་ཞེས་བྱའོ།། གཟུགས་ཀྱི་སྲིད་པ་གང་ཞེ་ན། ཚངས་རིས་ཀྱི་ལྷ་རྣམས་ནས་བཟུང་སྟེ། འོག་མྱིན་གྱི་ལྷ
178b5 རྣམས་ཀྱི་བར་འདི་ནི་གཟུགས་ཀྱི་སྲིད་པ་ཞེས་བྱའོ།། གཟུགས་མྱེད་པའི་སྲིད་པ་གང་ཞེ་ན། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དུ་ཉེ་བར་འ། གྲོ་བའི་ལྷ་རྣམས་ནས་བཟུང་སྟེ། འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ
178b6 མཆེད་དུ་ཉེ་བར་འགྲོ་བའི་ལྷ་རྣམས་ཀྱི་བར་འདི་ནི། གཟུགས་མྱེད་པའི་སྲིད་པ་ཞེས་བྱའོ།། སྲིད་པའི་རྐྱེནད་ཀྱིས་སྐྱེ་བ་ཞེས་བྱ་བ་ལ། སྐྱེ་བ་གང་ཞེ་ན། གང་སེམས་ཅན་དེ་དང་དེ་དག། སེམས་ཅན་གྱི་རིས་དེ་དང
178b7 དེ་དག་ཏུ་སྐྱེ་བ་དང་། འརྫོགས་པར་སྐྱེ་བ་དང་། འཇུག་པ་དང་། མངོན་པར་འགྲུབ་པ་དང་། ཕུང་པོ་རྣམས་འབྱུང་བ་དང་། སྐྱེ་མཆེད་རྣམས་རབ་ཏུ་ཐོབ་པ་དང་། སྲོག་གི་དབང་པོ་འབྱུང་བ་དང་། རིས་འཐུན་པ་དང་། ཟད་པ་སྟེ། འདི་ནི་སྐྱེ
178b8 བ་ཞེས་བྱའོ།། སྐྱེ་བའི་རྐྱེན་ཀྱིས་རྒ་ཤི་ཞེས་བྱ་བས། རྒ་ཤི་ཀང་ཞེ་ན། ཀྱི་ཆེར་བ་དང་། སྐྲ་སྐྱ་དང་། གཉེར་མ་མང་བ་དང་། འཁོགས་པ་དང་། ཞོམ་པ་དང་། སྐུར་ཏེ་གདུང་རྟེན་ལྟར་དགུ་པ་དང་། སྒྲ་དང་དང་པོར་གྱུརྡ་ཅིང
178b9 དབུགས་རྒྱུ་བའི་ལུས་སུ་གྱུ་དད་པ་དང་། ལུས་སྐྱེ་བ་ལྟ་བུས་གང་བ་དང་། ལུས་མདུན་ཏུ་དཀུ་པ་དང་། ཁར་བ་ལ་རྟེནད་པ་དང་། དབང་པོ་རྣམས་ཡོངས་སུ་སྦྱིནད་པ་དང་། ཡོངས་སུ་ཞིགས་པ་དང་། འདུ་བྱེད་རྣམས་རྙིངས་པ་དང་།