e-texts navigator
Collection
Volume
Page
Wylie

178a1 རྣམ་པར་ཤེས་པ་ཞེས་བྱ་བ་ལ། རྣམ་པར་ཤེས་པ་གང་ཞེ་ན། རྣམ་པར་ཤེས་པའི་ཚོགས་དྲུག་སྟེ། དྲུག་གང་ཞེ་ན། མྱིག་གི་རྣམ་པར་ཤེས་པ་དང་། ན་བའི་རྣམ་པར་ཤེས་པ་དང་། སྣའི་རྣམ་པར་ཤེས་པ་དང་། ལྕེའི་རྣམ་པར
178a2 ཤེས་པ་དང་། ལུས་ཀྱི་རྣམ་པར་ཤེས་པ་དང་། ཡིད་ཀྱི་རྣམ་པར་ཤེས་པ་དང་།། འདི་དག་ནི་རྣམ་པར་ཤེས་པའི་ཚོགས་དྲུག་གོ།། རྣམ་པར་ཤེས་པའི་རྐྱེནད་ཀྱིས་མྱང་དང་གཟུགས་ཤེས་བྱ་བ་དེ་ལ། མྱིང་དང་གཟུགས་གང་ཞེ་ན། མྱི་ང་ནི་གཟུགས
178a3 ཅན་མ་ཡིན་པའི་ཕུང་པོ་བཞི་སྟེ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་སྟེ། འདི་ནི་རྩིང་ངོ་པོ།། གཟུགས་གང་མི་ཡང་རུང་སྟེ། དེ་ཐམས་ཅད་འབྱུང་བ་ཆེན་པོ་བཞི་པོ་དག་སྟེ། སའི་ཁམས་དང་། ཆུའི་ཁམས་དང་།
178a4 མྱེའི་ཁམས་དང་། རླུང་གི་ཁམས་དང་། སའི་ཁམས་གང་ཞེ་ན། གང་ལྕི་བ་དང་། སྲ་བ་དང་། རྩུབ་པའོ།། ཆུའི་ཁམས་གང་ཞེ་ན། གང་གཤེར་བ་དང་། རླ་པའོ།། མྱོའི་ཁམས་ཀང་ཞེ་ན། གང་ཚ་བ་དང་། ཡོངས་སུ་སྨྱིན་པར
178a5 བྱེད་པའོ།། རླུང་གི་ཁམས་གང་ཞེ་ན། གང་བསྐུམ་པ་དང་། སློང་བ་དང་། ཡང་ཞིང་གཡོ་བའོ།། གཟུགས་འདི་དང་སྔ་མའི་མྱང་དེ་གཉིས་ཀ། ཅིག་ཏུ་བསྡུས་ཏེ། མྱོང་དང་གཟུགས་ཤེས་བྱའོ།། མྱིང་དང་གཟུགས་ཀྱི
178a6 རྐྱེནད་ཀྱིས་སྐྱེ་མཆེད་དྲུག་ཅེས་བྱ་བ་ཡང། སྐྱེ་མཆེད་དྲུག་གང་ཞེ་ན། མྱིག་གི་སྐྱེ་མཆེད་དང་། ན་བའི་སྐྱེ་མཆེད་དང་། སྣའི་སྐྱེ་མཆེད་དང་། སྡེའི་སྐྱེ་མཆེད་དང་། ལུས་ཀྱི་སྐྱེ་མཆེད་དང་། ཡིད་ཀྱི་སྐྱེ་མཆེད་དེ། འདི་ནི་སྐྱེ
178a7 མཆེད་དྲུག་ཅེས་བྱའོ།། སྐྱེ་མཆེད་དེ་དག་གི་རྐྱེན་ཀྱིས་རེག་པ་ཞེས་བྱ་བས། རེག་པ་གང་ཞེ་ན། རེག་པའི་ཚོགས་དྲུག་སྟེ། དྲུག་གང་ཞེ་ན། མྱིག་གི་འདུས་ཏེ་རེག་པ་དང་། ད་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་འདུས་ཏེ་རེག
178a8 པའོ།། རེག་པའི་རྐྱེན་ཀྱིས་ཚོར་བ་ཞེས་བྱ་བ་ལ། ཚོར་བ་གང་ཞེ་ན། ཚོར་བའི་ཚོགས་དྲུག་སྟེ། དྲུག་གང་ཞེ་ན། མྱིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་དང་། སྡུག་བསྔལ་པ་དང་། སྡུག་བསྔལ་ཡང་མ་ཡིན་པ་བདེ་བ་ཡང
178a9 མ་ཡིན་པ། དང་། དེ་བཞིན་དུ་ན་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་བདེ་བ་དང་། སྡུག་བསྔལ་དང་། སྡུག་བསྔལ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པའོ།། ཚོར་བའི་རྐྱེནད་ཀྱིས་སྲེད




iiif viewer powered by OpenSeadragon

177b - 178b

Texts on this page

Ng27.4 - don rnam par nges pa zhes bya ba'i chos kyi rnam grangs