e-texts navigator
Collection
Volume
Page
Wylie

177b1 ཉེས་པར་བྱས་པའི་ལས་མྱི་ཤེས་པ་དང་། ལེགས་པར་བྱས་པ་དང་། ཉེས་པར་བྱས་པའི་ལས་མྱི་ཤེས་པ་དང་། རྒྱུ་མྱི་ཤེས་པ་དང་། འབྲས་བུ་མྱི་ཤེས་པ་དང་། རྒྱུ་དང་འབྲས་བུ་མྱི་ཤེས་པ་དང་། རྒྱུ་ལས་བྱུང་བའི་ཆོས་རྣམས་མྱི་ཤེས་པ
177b2 དང་། རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་རྣམས་ནི་གྱི་ཤེས་པ་དང་། སངས་རྒྱས་ཀྱི་ཤེས་པ་དང་། ཆོས་ཀྱི་ཤེས་པ་དང་། དགེ་འདུན་ཀྱི་ཤེས་པ་དང་། སྡུག་བསྔལ་གྱི་ཤེས་པ་དང་། ཀུན་འབྱུང་བ་མྱི་ཤེས་པ་དང་། འགོག་པ་མྱི་ཤེས
177b3 པ་དང་། ལམ་གྱི་ཤེས་པ་དང་། དགེ་བ་དང་། མྱི་དགེ་བའི་ཆོས་རྣམས་ཀྱི་ཤེས་པ་དང་། ཁ་ན་མ་ཡོ་བ་དང་བཅས་པ་དང་། ཁ་ན་མ་ཐོ་བ་མྱེད་པ་དང་། བརྟེན་པར་བྱ་བ་དང་། བརྟེན་པར་བྱ་བ་མ་ཡིན་པའི་ཆོས་རྣམས་མྱི་ཤེས་པ་དང་། རེག
177b4 རེག་པའི་སྐྱེ་མཆེད་དྲུག་དེ་དག་ཡང་དག་པ་ཇི་ལྟ་བ་བཞིན་གྱི་ཤེས་པ་དང་། མྱི་མཐོང་བ་དང་། ཁོང་དུ་མྱི་ཆུད་པ་དང་། མངོན་པར་མྱི་རྟོག་པ་དང་། མུན་པ་དང་། ཀུན་ཏུ་རྨོངས་པ་དང་། མ་རིག་པའི་མུན་པ་སྟེ། འདི་ནི་མ
177b5 རིག་པ་ཞེས་བྱའོ།། མ་རིག་པའི་རྐྱེནད་ཀྱིས་འདུ་བྱེད་རྣམས་ཤེས་བྱ་པ་ལ། འདུ་བྱེད་རྣམས་གང་ཞེ་ན། འདུ་བྱེད་གསུམ་སྟེ། ལུས་ཀྱི། འདུ་བྱེད་དང་། ངག་གི་འདུ་བྱེད་དང་། ཡིད་ཀྱི་འདུ་བྱེད་དོ།། ལུས་ཀྱི་འདུ
177b6 བྱེད་གང་ཞེ་ན། དབུགས་རྔུབ་པ་དང་ཕྱུང་བ་སྟེ། སུས་འདི་ནི་ལུས་ལས་བྱུང་བ། ལུས་ལ་རྟེན་པ། ལུས་དང་འབྲེལ་པ། ལུས་ལ་འབེབས་པ་འཇུག་པ་སྟེ། དེའི་ཕྱིར་དབུགས་རྔུབ་པ་དང་། འབྱུང་བ་དག
177b7 ལུས་ཀྱི་འདུ་བྱེད་རྣམས་ཤེས་བྱའོ།། ངག་གི་འདུ་བྱེད་རྣམས་གང་ཞེ་ན། རྣམ་པར་བརྟགས། རྣམ་པར་དཔྱད་ནས་ཚིག་སྨྲའི། རྣམ་པར་མ་བརྟགས་པར་མ་ཡིན། རྣམ་པར་མ་དཔྱད་པར་མ་ཡིན་ཏེ། དེའི་ཕྱིར་རྣམ་པར་རྟོག་པ་དང་།
177b8 རྣམ་པར་དཔྱོད་པ་ནི། ངག་གི་འདུ་བྱེད་ཅེས་བྱའོ།། ཡིད་ཀྱི་འདུ་བྱེད་རྣམས་གང་ཞེ་ན། ཆགས་པའི་སེམས་པ་གང་ཡིན་པ་དང་། ཞེ་སྡང་གི་སེམས་པ་གང་ཡིན་པ་དང་། གཏི་མུག་གི་སེམས་པ་གང་ཡིན་པ་སྟེ། ཆོས་དེ་ནི་སེམས
177b9 ལས་བྱུང་བ། སེམས་ལ་རྟེན་པ། སེམས་དཔའབྲེལ་པ། སེམས་ལ་རྟེན་ནས། འཇུག་པས་དེའི་ཕྱིར་སེམས་པ་ནི་ཡིད་ཀྱི་འདུ་བྱེད་ཅེས་བྱ་སྟེ། དགེ་སློང་དག་འདི་དག་ནི་འདུ་བྱེད་རྣམས་ཤེས་བྱའོ།། འདུ་བྱེད་ཀྱི་རྐྱེདད་ཀྱིས




iiif viewer powered by OpenSeadragon

177a - 178a

Texts on this page

Ng27.4 - don rnam par nges pa zhes bya ba'i chos kyi rnam grangs