e-texts navigator
Collection
Volume
Page
Wylie

177a1 སྐྱེ་མཆེད་དང་། ལྕེ་ནང་གི་སྐྱེ་མཆེད་དང་། རོ་ཕྱིའི་སྐྱེ་མཆེད་དང་། ལུས་ནང་གི་སྐྱེ་མཆེད་དང་། རེག་བྱ་ཕྱིའི་སྐྱེ་མཆེད་དང་། ཡིད་ནང་གི་སྐྱེ་མཆེད་དང་། ཆོས་ཕྱིའི་སྐྱེ་མཆེད་དེ་ལ། དགེ་སློང་དག་འདི་དག་ནི་སྐྱེ་མཆེད
177a2 བཅུ་གཉིས་ཤེས་བྱའོ།། དགེ་སློང་དག་དེ་ལ་ཉེན་ཅིང་འབྲེལ་པར་འབྱུང་བ་ཡན་ལག་བཅུ་གཉིས་པོ་གང་ཞེན། འོདི་ལྟ་སྟེ། མ་རེག་པའི་རྐྱེནད་ཀྱིས་འདུ་བྱེད་རྣམས་དང་། འདུ་བྱེད་ཀྱི་རྐྱེནད་ཀྱིས་རྣམ་པར་ཤེས་པ། རྣམ་པར་ཤེས་པ
177a3 རྐྱེནད་ཀྱིས་མྱིང་དང་གཟུགས། མྱིང་དང་གཟུགས་ཀྱི་རྐྱེནད་ཀྱིས་སྐྱེ་མཆེད་དྲུག། སྐྱེ་མཆེད་དྲུག་གི་རྐྱེན་ཀྱིས་རེག་པ། རེག་པའི་རྐྱེནད་ཀྱིས་ཚོར་བ། ཚོར་བའི་རྐྱེནད་ཀྱིས་སྲེད་པ། སྲེད་པའི་རྐྱེནད་ཀྱིས་ལེནད་པ། ལེ་ནད་པའི
177a4 རྐྱེནད་ཀྱིས་སྲིད་པ། སྲིད་པའི་རྐྱེདད་ཀྱིས་སྐྱེ་བ། སྐྱེ་བའི་རྐྱེནད་ཀྱིས་རྒ་ཤི་དང་། མྱ་ངན་དང་སྨྲེ་སྔགས་འདོད་པ་དང་། སྡུག་བསྔལ་བདང་། ཡིད་ཀྱི་བདེ་བ་དང་། འཁྲུག་པ་རྣམས་འབྱུང་བར་འགྱུར་ཏེ།
177a5 སྟར་སྡུག་བསྔས་ཀྱི་ཕུང་པོ་ཆེན་པོ་འདི་འབའ་ཤིག་འབྱུང་བར་འགྱུ། ར་རོ།། མ་རིག་པ་འགག་པས་འདུ་བྱེད་འགག། འདུ་བྱེད་འག། ཀ་པས་རྣམ་པར་ཤེས་པ་འགག། རྣམ་པར་ཤེས་པ་འགག་པས་མྱི
177a6 དང་གཟུགས་འགག། བྱིང་དང་གཟུགས་འགག་པས་སྐྱེ་མཆེད་དུ། འགག། སྐྱེ་མཆེད་དྲུག་འགག་པས་རེག་པ་འགག། རེག་པ་འགག་པས་ཚོར་བ་འགག། ཚོར་བ་འགག་པས་སྲེད་པ་འགག། མེད་པར་འ
177a7 པས་ལེན་པ་འགག། ལེ་ནད་པ་འགག་པས་སྲིད་པ་འགག། སྲིད་པ་འགགས་པས་སྐྱེ་བ་འགགས། སྐྱེ་བ་འགགས་པས་རྒ་ཤི་དང་མྱ་ངན་དང་སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མྱི་བདེ་བ་དང་འབྱུག།
177a8 པ་རྣམས་འགགས་པར་འགྱུར་ཏེ། དེ་ལྟར་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འདི་འབའ་ཤིག་འགག་པར་འགྱུར་རོ།། དེ་ལ་མ་རིག་པ་གང་ཞེ་ན། འདི་ལྟ་སྟེ། སྔོན་གྱི་མཐའ་མྱི་ཤེས་པ་དང་། ཕྱི་མའི་མཐའ་མྱི་ཤེས་པ་དང་། སྔོན
177a9 དང་ཕྱི་མའི་མཐའ་མྱི་ཤེས་པ་དང་། ནང་མྱི་ཤེས་པ་དང་། ཕྱི་མྱི་ཤེས་པ་དང་། ལས་མྱི་ཤེས་པ་དང་། རྣམ་པར་སྨིན་པ་མྱི་ཤེས་པ་དང་། ལས་དང་རྣམ་པར་སྨིན་པ་མྱི་ཤེས་པ་དང་། ལེགས་པར་བྱས་པའི་ལས་མྱི་ཤེས་པ་དང་།




iiif viewer powered by OpenSeadragon

176b - 177b

Texts on this page

Ng27.4 - don rnam par nges pa zhes bya ba'i chos kyi rnam grangs