| e-texts navigator |
| Wylie |
176b1 ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡད་ལག་བདུན་དང་། འཕགས་པའི་ལམ་ཡནསག་བརྒྱད་པ་དང་། དབུགས་ནུག་པ་དང་། འབྱུང་བ་རྔན་པ་རྣས་པ་བཅུ་དྲུག་དང་།
176b2 རྒྱུདང་དུ་ཞུགས་པའི་ཡནས་ག་བཞི་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། ཀྱི་འཇིགས་པ་བཞི་དང་། སོ་སོ། ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ
176b3 གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་བཅུ་སྟེ། དགེ་སློང་དག་འདི་ནི། དོན་རྣམ་པར་ངེས་པའི་ཆོས་ཀྱི་རྣམ་གྲངས་མདོར་བསྟན་པའོ།། དགེ་སློང་དག་དེ་ལ་ཕུང་པོ་ལྔ་གང་ཞེ་ན་འདི་ལྟ་སྟེ། གཟུགས་ཀྱི་ཕུང་པོ་དང་། ཚོར་བའི་ཕུང་པོ
176b4 དང་། འདུ་ཤེས་ཀྱི་ཕུང་པོ་དང་། འདུ་བྱེད་ཀྱི་ཕུང་པོ་དང་། རྣམ་པར་ཤེས། པའི་ཕུང་པོ་སྟེ། དགེ་སློང་དཀ་འདི་དག་ནི་ཕུང་པོ་ལྔའོ།། དགེ་སློང་དག་དེ་ལ་ཉེ་བར་ལེནད་པའི་ཕུང་པོ་ལྔ་གང་ཞེ་ན། འདི་ལྟ་སྟེཏེ། གཟུག
176b5 ཉེ་བ་བ་ལེན་པའི་ཕུང་པོ་དང་། ཚོར་བ་ཉེ་བར་ལེ་ནད་པའི་ཕུང་པོ་དང་། འདུ་ཤེས་ཉེ་བར་ལེན་པའི་ཕུང་པོ་དང་། འདུ་བྱེད་ཉེ་བར་ལེ་ནད་པ། འི་ཕུང་པོ་དང་། རྣམ་པར་ཤེས་པ་ཉེ་བ་ལེ་ནད་པའི་ཕུང་པོ་སྟེ།
176b6 དགེ་སློང་དག་འདི་དག་ནི་ཉེ་བར་ལེ་ནད་པའི་ཕུང་པོ་ལྔའོ།། དགེ་སློང་དག་དེ་ལ་ཁམས་བཅོ་བརྒྱད་གང་ཞེ་ན། འདི་ལྟ་སྟེ། མྱིག་གི་ཁམས་དང་། གཟུགས་ཀྱི་ཁམས་དང་། མྱིག་གི་རྣམ་པར་ཤེས་པའི་ཁམས་དང་། རྣ་པོའི་ལ
176b7 དང་། སྒྲའི་ཁམས་དང་། རྣ་བའི་རྣམ་པར་ཤེས་པའི་ཁམས་དང་། སྣའི་ཁམས་དང་། དྲིའི་ཁམས་དང་། སྣའི་རྣམ་པར་ཤེས་པའི་ཁམས་དང་། ལྕེའི་ཁམས་དང་། རོའི་ཁམས་དང་། ལྕེའི་རྣམ་པར་ཤེས་པའི་ཁམས་དང་། སུས་ཀྱི
176b8 ཁམས་དང་། རེག་བྱའི་ཁམས་དང་། ལུས་ཀྱི་རྣམ་པར་ཤེས་པའི་ཁམས་དང་། ཡོད་ཀྱི་ཁམས་དང་། ཆོས་ཀྱི་ཁམས་དང་། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཏེ།། དགེ་སློང་དག་འདི་དག་ནི་ཁམས་བཅོ་བརྒྱད་ཅེས་བྱའོ།།
176b9 དགེ་སློང་དག་དེ་ལ་སྐྱེ་མཆེད་བཅུ་གཉིས་གང་ཞེ་ན། འདི་ལྟ་སྟེ། མྱིག་ནང་གི་སྐྱེ་མཆེད་དང་། གཟུགས་ཕྱིའི་སྐྱེ་མཆེད་དང་། རྣ་བ་ནང་གི་སྐྱེ་མཆེད་དང་། སྒྲ་ཕྱིའི་སྐྱེ་མཆེད་དང་། སྣ་ནང་གི་སྐྱེ་མཆེད་དང་། དྲི་ཕྱིའི་སྐྱེ