| e-texts navigator |
| Wylie |
175a1 སངས་རྒྱས་ཀྱི་ཡུལ་བ་སྒྱུ་མ་མང་པོ་ནི། སེམས་ཅད་བྱེ་བ་དང་བྲམ་ཟེའི་མཁན་པོས་ཀྱི་ཤེས་ཀྱི་སངས་རྒྱས་ཉིད་ཀྱིས་སངས་རྒྱས་ཀྱི་སྦྲུམ་མཁྱེན་ཏེ། དེ་བཞིན་གཤེགས་པ་སངས་རྒྱས་ནི་སྒྱུ་མའི་རྒྱལ་པོའོ།། མཁན་པོའི
175a2 ཆུང་མ་དགའ་བྱེད་མས་སྨྲས་པ། ཀྱེ་མ་སེམས་ཅད་རྣམས་བྲམ་ཟེའི་བུ་མོ་འཇོ་མའི་དགུ་མཐོང་ཡང་སངས་རྒྱས་ཀྱི་ཆེ་བ་ཡིན་པར་མྱི་ཤེས་སོ།། ཇི་ལྟར་ཙན་ཙ་སྒྱུ་མ་ཡིན་པ་དེ་བཞིན་དུ་བདག་ཀྱང་སངས་རྒྱས་ཀྱིས་སྒྱུ་མའི་ཡུལ་པའོ།། །
175a3 དེ་བས་ན་མཛོད་འཛིན་ཀྱི་རྒྱལ་པོ་གསལ་རྒྱལ་ལ་འདག་གིས་བསྙད་དོ།། གདོལ་པས་ཁྱོད་ལ་སྟེ་ནད་པར་མྱི་ནུས་ན། རྒྱལ་པོ་སེམས་ཅན་མང་པོ་དང་འགྲོ་བའི་དཔལ་དང་བྱིན་གྱིས་རྒྱལ་བར་འགྱུར་ན། མདུན་ཏུ་འདུག་པ་ལྷ
175a4 སྨོས། དེ་ལྟར་མྱིས་མྱིའི་དྲུང་དུ་བསྟེནད་པར་མྱི་ནུས་ན། ལྷ་དེད་མྱི་ནམས་ཀྱིས་བཅོམ་ལྡན་འདས་ལ་བསྟེནད་པར་བྱ་བ་དང་། དེ་བཞིན་གཤེགས་པའི་ཐུགས་བསྒྱུར་བ་ལྟ་ཀ་ལ་ནུས་ཏེ། དེ་བཞིན་གཤེགས་པ།
175a5 རིམ་འགྲོ་བྱེད་པའི་ལྷ་དང་ཀླུ་དང་གནོད་སྦྱིན་དང་། དྲི་བ་དང་མྱི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། ཤ་ཟ་དང་། ལྷ་མ་ཡིན་ཆང་རྩེད་དང་། ནམ། མཁལ་ལྡིང་གྱིས་དེ་ལ་གནོད་པར་གྱི་བྱེད་དོ།། གལ་ཏེ་འདི་ལྟ་བུའི
175a6 སེམས་ཅན་བྱུང་ན་བཅོམ་ལྡན་འདས་ཀྱང་སྡིག་བྱེད་པ་རྣམ་པ་མང་པོ་སྟོནད་ཏེ། མ་འོངས་པའི་སེམས་ཅད་འདི་ལྟ་བུའི་སྡིག་མ་རུངས་པ་བྱེད་པ་འབྱུང་བ་དག་ལ་ཡང་། དེ་བཞིན་གཤེགས་པ་ནི་སངས་རྒྱས་ཀྱི་སྒྱུ་མ་ཆེན་པོའི
175a7 ཐབས་ཀྱི་སྐུ་སྟོནད་ཏོ་ཞེས་ཟེར་ནས་ཀྱི་སྣང་བར་གྱུར་ཏོ།། དེ་ནས་ཡང་རྒྱལ་པོ་ཆེན་པོ་ཤིན་ཏུ་ངོ་མཚར་ཏུ་གྱུར་ཏེ། བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས་ཅི་སྒྱུ་མ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ
175a8 སལ་པ། རྒྱལ་པོ་ཆེན་པོ་མཁན་པོ་དང་། མཁན་པོའི་ཆུང་མ་དང་། དེའིམ་སྒྱུ་མ་གསུམ་གྱིས་སྨྲས་པ་བཞིན་ཏེ། ངའི་སྒྱུ་མ་ནི་བསམ་གྱིས་མྱི་ཁྱབ་པས་ན། རྣམ་པ་དེ་གསུམ་དུ་སྐུལ་པ་ཡིན་ཏེ། སེམས་ཅན་བྱེ་བ་མང་པོའི
175a9 སྐལ་བའི་ཕྱིར། སོར་མོའི་འཕྲེང་བ་དེ་ལྟར་བྱོན་པ་ཡིན་ནོ།། རྒྱལ་པོས་གསོལྡ་པ་བཅོམ་ལྡན་འདས་བདག་གི་དཀུང་བདུན་ནས། སྦྱིན་པ་ཆེན་པོ་གསལ་ནས། དེ་བཞིན་གཤེགས་པའི་སེར་མོ་འི་འཕྲེང་བ་ལྷོ་ཕྱོགས་ལོགས