e-texts navigator
Collection
Volume
Page
Wylie

174a1 ཐོས་དབང་ང་སངས་རྒྱས་ཐམས་ཅད་བྱེད། ཐེག་པ་གཅིག་ལས་ལེག་པ་གཞན་གི་བྱིང་ས་བབྱེད། ཀབ་དང་ན་བ་དང་། སྡུག་བསྔལ་ཡང་བྱེད། བདེ་བ་ཐམས་ཅད་དང་རབ་ཏུ་ལྡན་པར་གྱུར་དཏེ། སེམས་ཅན་དེ་དག་རྩེ
174a2 དཔག་ཏུ་མྱེད་ཀ་བི་བརྗིད་དཔའ་དོག་དཔག་ཏུ་མྱེད། འཇིག་རྟེན་ན་དཔའ་དང་རྒྱུ་དང་བྱེད་པ་མྱེད་པ་དེ། རྟག་ཏུ་དགའ་ཞིང་མོས་པ་དང་དཔེ་མྱེད་པ་དེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གོས
174a3 པ་རབ་ཏུ་དགའ་བའི་སྙིང་པོ།། རིན་པོ་ཆེའི་ནོར་བུ་རིན་པོ་ཆེ་ཐེགས་པའི་རྒྱལ་པོ་ད་ལྟར་བཞུགས་ཏེ། འཚོ་ཞིང་གཞེས་པ་དེ་ལ་རྒྱལ་པོ་ཆེན་པོ་ཐལ་མོ་སྦྱར་ཏེ། རྗེས་སུ་ཡི་རང་བར་བྱོས་ཤིག་དེ་བཞིན་གཤེགས་པ་དེ་གཞན་པ་ཡིན
174a4 གྱི་འཇམ་དཔལ་གཞོན་ནུར་གྱུར་པ་འདི་ཉིད་ཡིན་ནོ།། འཇམ་དཔལ་གཞོན་ནུར་གྱུར་ད་པ་དང་། སོར་མོའི་འཕྲེང་བ་གཉིས་ཀྱི་མྱིང་གང་གིས་ཐོས་སམ། དེ་ལ་རྟག་ཏུ་ཕྱག་འཚལ་ནས། སེམས་ཅན་དེ་དག་གི་ཁྱིམ
174a5 ཉིད་དུ་དགལ་བ་ཅན་གྱི་འཇིག་རྟེན་མཐོང་སྟེ། ངན་འགྲོ་རྣམ་བཞིའི་སྒོ་བཅད་པར་འགྱུར་རོ།། དེ་གཉིས་ཀྱི་མྱིང་ཐོས་ནས་ཕྱི་རོལ་པ།། རྣམས་དང་། ཕས་ཕམ་པ་དང་། མཚམས་མྱེད་པར་གྱུར་པས།
174a6 འཕྱ་བའམ། སྟིང་པའམ། འདྲན་ཏོར་ཏམ་གཞན་གྱི་བསླབས་སམ། རྙེད་པ་དང་བཀུར་བསྟི་དང་། ཚིགས་བཅད་ཀྱི་ཕྱིར་ཡང་རུང་སྟེ། དེ་དག་གིས་ངན་འགྲོ་བཞིའི་སྒོ་བཅད་པར་འགྱུར་རོ།། རིགས་ཀྱི་བུ་འམ། རིགྲ
174a7 ཀྱི་བུ་མོ་གང་གིས་འདི་གཉིས་མྱིང་གིས་བསྲུང་བར་བྱས་ནས་དཀོན་པ་ཐམས་ཅད་དང་། འཇིགས་པའི་དུས་ཐམས་ཅད་དུ་ཡང་སྲུང་བར་འགྱུར་རོ།། ཕྱིས་འཇིགས་པ་ཐམས་ཅ་ཅང་བསྲུང་བར་འགྱུར། འཇིགས་པ་འཟུང་བ་ཐམས་ཅད་ཀྱང
174a8 ཞི་བར་འགྱུར་རོ།། ལྷ་དང་ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་མྱིའམ་ཅི་དང་ལྟོ་འཕྱེ་ཆེན་པོ་དང་། ཤ་ཟས་ཀྱང་མྱི་ཚུགས་སོ།། ཡང་བཅོམ་ལྡན་འདས་ཀྱིས་མཛོད་འཛིན་གྱི་རྒྱལ་པོ་གསལ་རྒྱལ་ལ་བཀའ་ས་མེད་པ། སངས་རྒྱས་ཀྱི།
174a9 ཚིག་ནི་ཆེ་བ་ཉིད་དོ།། བྱང་ཆུབ་སེམས་དཔལ་གྱོད་པའི་ཆེ་བའི་བདག་ཉིད་ནི་དེ་སྟའོ།། སོར་མོའི་འབྲེབ་བ་དང་། འཇམ་དཔལ་གཞོན་ནུར་གྱུར་པའི་ཆེ་བའི་བདག་ཉིད་གླང་པོ་ཆེ་འདི་གཉིས་ལ་རྗེས་སུ་ཡྀ་རང་བར་གྱིས་ཡ། བྱང་ཆུབ




iiif viewer powered by OpenSeadragon

173b - 174b

Texts on this page

Ng27.3 - 'phags pa sor mo'i phreng ba la phan pa zhes bya ba theg pa chen po'i mdo