e-texts navigator
Collection
Volume
Page
Wylie

321b1 དེའི་སྨོན་ལམ་ཁྱད་པར་གྱིས་ན་མ་འོངས་པའི་སེམས་ཅན་གི་ཚོགས་མང་པོ་དག་གིས་དེ་བཞིན་གཤེགས་པ་དེའི་མཚན་ཐོས་པ་ཙམ་གིས་རང་གི་ལུས་ལས་ཤི་འཕོས་མ་ཐག་ཏུ་འཇིག་རྟེན
321b2 གི་ཁམས་གཙང་མ་སྦྱོང་བ་དེར། གྲོང་ཁྱེར་གཙང་མ་གསུང་ལྡན་དུ། སྐྱེ་བར་འགྱུར་ཞེས་ང་སྨྲའོ།། ། ངན་སོང་བཞི་ཡང་དེ་དག་གི་སྤྱོད་ཡུལ་གྱི་སར་མྱི་འགྱུར་རོ།། སྤྲིན་ཆེན་སྙིང་པོ་དེ
321b3 བས་ན་ང་ནི་བཅོམ་ལྡན་འདས་དེའི་འཇིག་རྟེན་གི། ཁམས་གཙང་མ་སྦྱོང་བ་དང་། བསྐལ་པ་རྩང་ཞིང་བདེད་པའི་མཚམས་ཤེས་བྱ་བ་དང་། དེ་བཞིན་གཤེགས་པ་གཙང
321b4 ཞིང་བདེན་པའི་མཚམས་འཕེལ་བར་མཛད་པ། ཞེས་བྱ་བའི་ཡོན་ཏན་གཟུང་བ་སྨྲའོ།། དེ་ནས་འཁོར་ཆེན་པོའི་ནང་ནས་ལྔ་དང་། མྱིའི་ཚོགས
321b5 ཚད་མྱེད་པས། བཅོམ་ལྡན་འདས་ལ་མཆོད་པ་ཆེན་པོའི་ལས་བྱས་ཏེ། གར་བྱས་གླུ་ཟངས་ནས་བཅོམ་ལྡན་དེའི་བྱང་ཆུབ་སེམས་དཔའི་སྤྱོད་པ
321b6 ལ་སེམས་བསྐྱེད་དོ།། འདི་ནི་མ་འོངས་པའི་སེམས་ཅན། བྱེ་བ་སྙེད་དག་ལུང་སྟོནད་པ། སྤྲིན་ཆེན་པོའི་མདོ་ཚིག་པར་བརྒྱད་པར་སྦྱར་པའི
321b7 ལེའུ་འབུམ་པ་ལས་སུང་བསྟ་ད་པའི་རྒྱུད་ཡིན་ནོ།། ། བཅོམ་ལྡན་འདས་ཀྱིས། དེ་སྐད་ཅེས་བཀའ་སྩལ་ནས་སྤྲིན་ཆེན་སྙིང་པོ་ལ་སྩོགས་པ
321b8 ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལཱ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མྱི་འམ། ཅི་དང་། ལྟོ་འཕྱེ་ཆེན་པོ་དང




iiif viewer powered by OpenSeadragon

321a - 322a

Texts on this page

Ng26.12 - 'phags pa sprin chen po zhes bya ba theg pa chen po'i mdo