e-texts navigator
Collection
Volume
Page
Wylie

321a1 ཡང་ཏོག་དང་། བླ་མཆོག་ས་དང་། འོབས་དཔེའ་མྱེད་པ་དག་འབྱུང་བར་འགྱུར་རོ།། དག་ཅིང་ཉོན་མོངས་པ་ཞི་བར་བྱེད་པའི་ཆུ་རླུང་ནག་པོ། བཟང་ཞེས་བྱ་བ་ནི་དེའི་ཚེ། གཙང་མ
321a2 བཟང་པོ་ཞེས་བྱ་བར་འགྱུར་ཏེ། འགྲམ་ཕ་རོལ་ཚུ་རོལ་ད་དཔེའ་མྱེད་པའི་ཤིང་ལྗོནད་པའི་ཀུན་དཀའ་ར་བ་ཉམས་དགའ་ར་བ་ཉམས་དགའ་བ་དང་ལྡན་པར་འགྱུར་རོ།། འཇིག་རྟེན་གི་ཁམས་གཙང་མ་སྦྱོར་པ་དེ
321a3 ཡང་འདི་ལྟ་སྟེ། དཔེར་ན། དཀའ་ལྡན་ཀི་ལྷ་རྣམས་ཀྱི་ལོང་སྤྱོད་པ་དང་། ཡོངས་སུ་སྤྱོད་པ་བཞིན་ཏེ། རི་དང་། རྡོ་དང་། བོང་བ་དང་། གྱོ་མོ་དང་། གསེག་མ་ལ་སྩོགས་པ་མྱེད་པར་འགྱུར་ཞིང
321a4 མུ་སྟེགས་ཅན་གི་མྱིང་ཡང་མྱེད་པར་འགྱུར་རོ།། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱི་མྱིང་ཡང་མྱི་གྲག་པར་འགྱུར་རོ།། སྐྱེས་པ་དང་། བུད་མྱེད་དག་པའི་བྱང་ཆུབ
321a5 སེམས་དཔའི་དགེ་འདུན་ཡང་འབྱུང་བར་འགྱུར་རོ།། དེ་ན་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཤེས་པའི་གཏམ་གི་མྱིང་མྱེད་དེ། ཐེག་པ་ཆེན་པོའི་མདོའི་གཏམ་རྒྱས་པར་བསྟན
321a6 པར་འགྱུར་རོ།། བདུད་དང་། ཕྱིར་རྒོལ་བ་བཅོམ་པའི་སེམས་ཅན་རྣམས་འབྱུང་བར་འགྱུར་རོ།། དག་ཅིང་བཟོད་པ་ཆེན་པོའི་རྙེད་པ་ཐོབ་པ་འབྱུང་བར་འགྱུར་རོ།། ས་གཞི་ཡང་ནོར
321a7 བུ་རིན་པོ་ཆེ་ཐམས་ཅད་ལས་གྲུབ་པར་འགྱུར་ཏེ། འཛམ་བུ་ཆུ་བོ་གསེར་གི་མེ་ཏོག་དང་། པད་མ་ཐམས་ཅད་ཀྱིས་སྤྲས་པར་འགྱུར་རོ།། དེ་བཞིན་གཤེགས་པ་དེ་ཡང་། ཚེ་དཔག་ཏུ་མྱེད་པར
321a8 འགྱུར་རོ།། དེ་བཞིན་དུ་མྱི་རྣམས་ཀྱི་ཚེ། ཡང་ཚད་མྱེད་པར་འགྱུར་རོ།། དེ་བཞིན་གཤེགས་པ་ནི་གྲོང་ཁྱེར་གཙང་མ་གསུང་ལྡན་དུ་བཞུགས་པར་འགྱུར་རོ།། བཅོམ་ལྡན་འདས




iiif viewer powered by OpenSeadragon

320b - 321b

Texts on this page

Ng26.12 - 'phags pa sprin chen po zhes bya ba theg pa chen po'i mdo