| e-texts navigator |
| Wylie |
320b1 དེ་ནི་གནས་མྱེད་དོ།། སྤྲིད་ཆེར་སྙིང་པོ་དེ་བས་མམ་འོངས་པའི་སེམས་ཅན་བསོད་ནམས་ཆུང་ངུ་ཐམས་ཅད་ཀྱི་དད་པ་བསྐྱེད་པའི་ཕྱིར་མདོ་འདི་ལས་བྱང་ཆུབ་སེམས་དཔའ་རྣམས་ལུང་བསྟན་པར་བྱེད་དོ།།
320b2 ཞེས་ང་སྨྲའོ།། སྤྲིན་ཆེན་སྙིང་པོ་དེའི་ཚེ་ལྷ་མོ་འདི། བུད་མྱེད་ཀྱི་ལུས་ལས་བཟློག་ནས། དེ་བཞིན་གཤེགས་པ་འོད་དཔག་མྱེད་ཀྱི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གི་ཁམས་བདེ་བ་ཅན་དུ་སྐྱེ་བར་ལེ་ནད་པར་འགྱུར
320b3 ཏེ། འཇིག་རྟེན་གི་ཁམས་དེར་བདེ་བ་ཉམས་སུ་མྱོང་ནས། རིམས་ཀྱིས་སངས་རྒྱས་སུ་འགྱུར་རོ།། གསོལ་པ། བཅོམ་ལྡན་འདས་ཐབས་ལ་མཁས་པ་དང་ལྡན་པའི་ལྷ་མོ་འདི་ཡུན་ཇི་སྲིད་ཅིག་ན
320b4 སངས་རྒྱས་སུ་འགྱུར། འདིའི་མྱིང་ཡང་ཇི་སྐད་ཅེས་བགྱི་བ.རའགྱུར།། བཅོམ་ལྡན་འདས་དེའི་འཇིག་རྟེན་གི་ཁམས་ནི་ཅི་འདྲ་བར་འགྱུར། བཀའ་སྩལ་པ། ལྷ་མོ་དེ་ནི་བསྐལ་པ
320b5 གྲངས་མྱེད་པ་ཕྲག་ལྔ་བརྒྱ་འདས་པ་ན་སྟོང་གསུ་མ་ཀི་སྟོང་ཆེན་པོའི་འཇིག་རྟེན་གི་ཁམས་འདིར་བླ་ན་མྱེད་པ་ཡངདག་པར་རྫོགས་པའི་བྱང་ཆུབ་མངོན་པར་འཚང་རྒྱ་བར་འགྱུར་ཏེ།
320b6 དེ་བཞིན་གཤེགས་པའི་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ་བདེ་བར་གཤེགས་པ། འཇིག་རྟེན་མཁྱེནད་པ་སྐྱེས་བུ་འདུལ་བའི་ཁེ་ལོ་སྒྱུར་བ། བླ་ན
320b7 མྱེད་པ་ལྔ་དང་། མྱི་རྣམས་ཀྱི་སྟོ་ད་པ་སངས་རྒྱས་བཅོམ་ལྡན་འདས་གཙང་ཞིང་བདེན་པའི་འཚམས་འཕེལ་བར་མཛད་པ་ཞེས་བྱ་བར་འགྱུར་རོ།། འཇིག་རྟེན་གི་ཁམས་མྱི་མཆེད་འོད་ཡང་འཇིག
320b8 རྟེན་གི་ཁམས་གཙང་བར་སྦྱོར་ཞེས་བྱ་བར་འགྱུར་རོ།། བསྐལ་པ་ནི་གཙང་ཞིང་བདེན་པའི་མཚམས་ཤེས་བྱ་བར་འགྱུར་ཏེ། འཇིག་རྟེན་གི་ཁམས་གཙང་མ་སྤྱོད་པ་དེ། འབྱོར་པར་འགྱུར། རྒྱས་པར
320b9 འགྱུར། བདེ་བ་དང་། ཉམས་དགའ་བ་དང་། ལོ་ལེགས་པ་དང་། སྐྱེ་བོ་དང་མྱི་མང་པོས་གང་བར་འགྱུར་རོ།། འབྱོར་ད་ཅིང་རྒྱས་པར་གྱུར་པ་དེའི་ཚེ། འཛམ་བུ་གླིང་འདིར་གྲོང་ཁྱེར་དེར། ར་བ་དང