| e-texts navigator |
| Wylie |
312a1 སྟོན་ཏེ། སོ་ཤིང་འཆང་བར་སེམས་ཅན་རྣམས་ཀྱིས་ཤེས་ཀྱང་བསྐལ་པ་བྱེ་བ་གྲངས་མྱེད་པ་ནས་ཉོན་མོངས་པའི་སོ་ཤིང་རྣམ་པར་སྤངས་ཏེ། ཁ་ཡང་ཨུད་པ་ལའི་དྲི་དང་ལྡན་ནོ།། འཛམ་བུ་གླིང་ལ་ལར་ནི་གདུགས་དང་། ལྷས་འཆང
312a2 བ་ལྟ་བུར་སྟོནད་ཏེ། གདུགས་དང་ལྷམ་འཆང་བར་སེམས་ཅན་རྣམས་ཀྱིས་ཤེས་ཀྱང་བསྐལ་པ་བྱེ་བ་དུ་མ་ནས། ཉོན་མོངས་པའི་གདུགས་དང་། ལྷམ་གི་འདུ་ཤེས་དེ་ཡང་རྣམ་པར་སྤངས་ཏེ། ལུས་དག་ཅིང་རྟག་ཏུ་ཆོས་ཀྱི་བདེ་བ་དང་། ཏིང་ངེ
312a3 འཛིནད་ཀྱི་གདུགས་འཆང་ཞིང་རིན་པོ་ཆེའི་གདུགས་འཆང་ཞིང་རིན་པོ་ཆེའི་གདུགས་དུ་མ་དང་པད་མའི་ལྷམ་ཐམས་ཅད་སྟོནད་པར་བྱེད་དོ།། འཛམ་བུ་གླིང་ལ་ལར་ནི་ཁྲུས་བྱེད་པ་ལྟ་བུར་སྟོནད་ཏེ། ཁྲུས་བྱེད་པར་སེམས་ཅན་རྣམས་ཀྱིས
312a4 ཤེས་ཀྱང་སྐལ་པ་ཕྲག་དུ་མ་ནས་ཁྲུས་ཀྱི་འདུ་ཤེས་དེ་རྣམ་པར་སྤངས་ཏེ། མདོ་དུ་མ་ནས་བྱུང་བའི་རྟག་ཏུ་ཁྲུས་བྱེད་ཅིང་སེམས་ཅན་ཐམས་ཅད་ཀྱི་མུ་སྟེགས་སུ་གྱུར་ད་པ་འང་ཡིན་ནོ།། འཛམ་བུ་གླིང་ལ་ལར་ནི་ནད་ཀྱི་རང་བཞིན་ལྟ་བུར
312a5 སྟོནད་ཏེ། སྨན་ལ་སྟེ་ནད་པར་སེམས་ཅན་རྣམས་ཀྱིས་ཤེས་ཀྱང་། བསྐལ་ད་བ་བྱེ་བ་ཕྲག་དུ་མ་ནས་ཉོན་མོངས་པ་ཐམས་ཅད་དང་བྲལ་ཞིང་ནད་རྣམས་བས་ལད་པ་སྟེ། སེམས་ཅན་ནད་ཀྱིས་ཐེབས་པ་རྣམས་དང་།
312a6 འདོད་ཆགས་གི་རང་བཞིན་དག་ལས་ཀྱང་གསོ་བར་བྱེད་དོ།། འཛམ་བུ་གླིང་ལ་ལར་ནི་གྲང་བ་དང་། ཚ་བ་ལ་སྟེ་ནད་པ་ལྟ་བུར་སྟོནད་ཏེ། གྲང་བ་དང་ཚ་བ་ལ་སྟེ་ནད་པར་སེམས་ཅན་རྣམས་ཀྱིས་ཤེས་ཀྱང་བསྐལ་པ་བྱེ་བ་ཕྲག
312a7 དུམ་ལ་སྩོགས་པ་དས། གྲང་བ་དང་ཚ་བའི་འཇིགས་པ་ཡང་རྣམ་པར་སྤངས་སོ།། འཛམ་བུ་གླིང་ལ་ལར་ནི་བཀྲེས་པ་དང་། སྐོམ་པས་སྲིད་ཅིང་ཞེནད་པ་དང་ལྡན་པར་སྟོན་ཏེ། བཀྲེས་ཤིང་སྒོམ་པ་ལ་སྐོམ་པས་གདུངས་པར་སེམས་ཅན་རྣམས།
312a8 ཀྱིས་ཤེས་ཀྱང་བསྐལ་པ་བྱེ་བ་ཕྲག་དུ་མ་ནས། བཀྲེས་པ་དང་། སྐོམ་པའི་འདུ་ཤེས་ཀྱི་འཇིགས་པའི་ཀླུད་ཀྱི་རྒྱུད་ལས་ཀྱང་རྒལ་ནས། རྟག་ཏུ་བཀྲེས་པ་དང་སྐོམ་པས་སྲེད་པར་གྱུར་པའི་འབྱུང་པོ་ཐམས་ཅད་ཀྱི་ཁ་ཟས་སུ་གྱུར་ད་ཅིག་ཅེས
312a9 ཟེར་རོ།། འཛམ་བུ་གླིང་ལ་ལར་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིནད་པ་ལ་སྤྱོད་པ་ལ་བརྩོམ་པ་ལྟ་བུར་སྟོནད་ཏེ། ཀྱེ་མ་སྦྱིད་པ་ལ་བརྩོན་པའི་སེམས་ཅན་ཡིན་པར། སེམས་ཅན་རྣམས་ཀྱིས་ཤེས་ཀྱང་བསྐལ་པ་བྱེ་བ་ཕྲག་དུ་མ་ནས་ཀྱང་ཕ་རོལ