e-texts navigator
Collection
Volume
Page
Wylie

311b1 འཛིན་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གི་ཁམས་སུ་འཇིག་རྟེན་དང་འཐུན་པར་འཇུག་པའི་བྱ་བའི་རྣམ་པ་གྲངས་མ་མཆིས་དཔག་ཏུ་མ་མཆིས་པ་རྣམ་པ་སྣ་ཚོགས་སུ
311b2 བདག་ཉིད་ཇི་ལྟར་སྟོནང་པར་བགྱིད། བཀའ་སྩལ་པ།། ཏིང་ངེ་འཛིནང་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་འཛམ་བུ་གླིང་ལ་ལར་བདག་ཉིད་མངལ་ནས་སྐྱེ་བ་ལྟ་བུར་སྟོན་ཏེ། སེམས་ཅན་རྣམས་ཀྱིས་བུ་བཙལ་བར་ཤེས་ཀྱང་འཁྲིག་པ
311b3 ལ་བརྟེན་ནས་བྱུང་བ་ཡང་མ་ཡིན་ཞིང་བུའི་རང་བཞིན་ཡང་མ་ཡིན་ནོ།། འཛམ་བུའི་གླིང་ལ་ལར་མངོན་པར་འབྱུང་བ་ཡང་སྟོནད་ཏེ། སེམས་ཅན་རྣམས་ཀྱིས་མངོན་པར་བྱུང་བར་ཤེས་ཀྱང་དེ་ལ་མངོན་པར་འབྱུང་བའི་འདུ་ཤེས་འཇུག་པ
311b4 ཡང་མྱེད་དོ།། འཛམ་བུ་འགླིང་ལ་ལར་ནི་གཙུག་ཕུང་བྲེག་པའི་ལས་ལྟ་བུར་སྟོར་ཏེ། སེམས་ཅན་རྣམས་ཀྱིས་གཙུག་ཕུད་འདྲེག་པའི་ལས་བྱེད་པར་ཤེས་ཀྱང་། དེ་ལ་དེའི་འདུ་ཤེས་འཇུག་པར་ཡང་མྱེད་དོ།།
311b5 འཛམ་བུའི་གླིང་ལ་ལར་ནི་མཁན་པོའི་ཁྱིམ་དུ་འགྲོ་བ་ལྟ་བུར་སྟོན་ད་ཏེ། བསླབ་པར་བྱ་བའི་ཡི་གེ་སློབ་པར་སེམས་ཅན་རྣམས་ཀྱིས་ཤེས་ཀྱང་བ། སྐལ་པ་དུ་མར་བསླབ་པའི་བྱ་བ་ཤི་ནད་ཏུ་ཚར་ཕྱི་ནད་པར་བྱས་ཤིང་།
311b6 བསྐལ་པ་བྱེ་བ་ཕྲག་བརྒྱ་སྟོང་དུ་མ་ནས། གཟོའ་བྱ་བ་ཐམས་ཅད་ཀྱང་མཐར་ཕྱི་ནད་ཏོ།། འཛམ་བུ་གླིང་ལ་ལར་ནི་མྱིའོ་སེང་གེ་དང་། ངང་པའི་སྟབས་སུ་འགྲོ་བ་ལྟ་བུར་སྟནད་ཏེ། སེམས་ཅན་རྣམས་ཀྱིས་མྱིའི
311b7 སེང་གེ་དང་། ངང་པའི་སྟོབས་སུ་འགྲོའོ་བར་ཤེས་ཀྱང་བསྐལ་པ་བྱེ་བ་ཕྲག་དུ་མ་ལ་སྩོགས་པ་ནས། ངང་པའི་སྟབས་ཀྱི་འདུ་ཤེས་པ་དེ་ཡང་སྤངས་སོ།། འཛམ་བུའི་གླིང་ལ་ལར་ནི་བུ་དང་ཆུང་མ་ཡང་སྟོནད་པར་བྱེད་དེ། སེམས་ཅན་ཛས
311b8 ཀྱིས་འདོད་པ་ལ་ཡོངས་སུ་སྤྱོད་པར་ཤེས་ཀྱང་དེ་ཡང་རྟག་ཏུ་ཆོས་འདོད་པ་ལ་ཡོངས་སུ་སྤྱོད་ཀྱི། ཉོན་མོངས་པ་དང་འདོད་པ་ལ་གནས་པ་མ་ཡིན་ནོ།། འཛམ་བུའི་གླིང་ལ་ལར་ནི་བཤང་བ་དང་གཅི་བ་ལྟར་སྟོནད་པར་བྱེད་དེ། སེམས་ཅན
311b9 རྣམས་ཀྱིས་ཀྱང་བཤང་བ་དང་གཅི་བ་བྱེད་པར་ཤེས་ཀྱང་བསྐལ་པ་བྱེ་བ་ཕྲག་གྲངས་མྱེད་པ་ནས་བཤང་བ་དང་། གམི་བའི་འདུ་ཤེས་ཀྱང་རྣམ་པར་སྤངས་ཏེ། འདུ་ཤེས་དེ་ཡང་འཇུག་པ་མྱེད་དེ། འཛམ་བུ་གླིང་ལ་ལར་ནི་སོ་ཤིང་སྤྱོད་པ་ལྟ་བུར




iiif viewer powered by OpenSeadragon

311a - 312a

Texts on this page

Ng26.12 - 'phags pa sprin chen po zhes bya ba theg pa chen po'i mdo