e-texts navigator
Collection
Volume
Page
Wylie

311a1 དཔའ་སེམས་དཔའ་ཆེན་པོ་ནི། སྟོང་གསུམ་གི་སྟོང་ཆེན་པོའི་འཇིག་རྟེན་གི་ཁམས་སུ་བདག་ཉིད་རྣམ་པ་དུ་མར་སྟོནད་པར་བྱེད་དོ།། གསོལ་པ། བཅོམ་ལྡན་འདས་ཏིང་ངེ་འཛིནད་ལ་གནས་པའི་བྱང་ཆུབ་སེམས
311a2 དཔའ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གི་ཁམས་སུ་བདག་ཉིད་རྣམ་པ་དུ་མར་ཇི་ལྟར་སྟོནད་པར་བགྱིད།། བཅོམ་ལྡན་འདས་ཀྱིས་བཀའ་སྩལྡ་པ། སྤྲིན་ཆེན་སྙིང་པོ་འདི་ལྟ་སྟེ། དཔེར་ན། སྒྱུ་མ་མཁན་ནམ། སྒྱུ་མ་མཁན
311a3 གྱི་སློབ་མ་ནན་ཏུ་སྦྱངས་པ་མཁས་པས་རོལ་མོའི་ནང་དུ་བདག་ཉིད་རོར་གྱུར་ད་པར་སྟོནད་པར་བྱེད།། བུད་བྱེད་ཀྱི་ལུས་རྣམ་པ་སྣ་ཚོགས་སུ་ཡང་སྟོན་པར་བྱེད། གཅན་ཟན་གིས་ཟིནད་པ་དང་། ལུས་ཞུ་བ་དང་། ལུས་མྱི་སྣང་བ་དང་།
311a4 ཚིག་པ་དང་། གཅད་པ་དང་། གཏུབ་པའི་རྣམ་པས་ཕ་རོལ་འདྲིད་པ་ལྟ་བུར་གསང་བ་རྣམ་པ་སྣ་ཚོགས་ཀྱི་ཚུལ་དུ་བདག་ཉིད་སྟོནང་པ་དག་ཀྱ་དང་མཐོང་ན། དེར་རྒྱུ་ཤེས་པའི་མྱིས་འཇིགས་པར་མྱི་བྱ། མྱ་ངན་དུ
311a5 གྱི་བྱར་དེ་ལ་རིག་སྔགས་ཀྱི་རང་བཞིན་དུ་བལྟ་བར་བྱའོ།། དེ་བཞིན་དུ་ཏིང་ངེ་འཛིན་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྟག་པ་ཉིད་ཀྱི་ལམ་ལ་ནན་ཏན་དུ་སྦྱངས་པས། སེམས་ཅན་རྣམས་ངེས་པར
311a6 བསྒྲལ་བའི་ཕྱིར་སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་ཀི་ཁམས་འདིར་བདག་ཉིད་རྣམ་པ་སྣ་ཚོགས་ཀྱི་ཚུལ་དུ་སྟོནད་པར་བྱེད་དེ། ཏིང་ངེ་འཛིན་དེ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་བདག་ཉིད་རྣམ་པ་སྣ་ཚོགས་ཀྱི་ཚུལ་དུ
311a7 བསྟོནད་པ་མཐོང་ན། བསྟནད་པའི་རྒྱུས་ཤེས་ཤིང་མཁས་པས་སྐྲག་པར་མྱི་བྱ། དངང་བར་མྱི་བྱ། འཇིགས་པར་མྱི་བྱ། མྱ་ངན་དུ་མྱི་བྱ་བ་དེ་ལ་སེམས་ཅན་རྟག་པ་ཉིད་ཀྱི་རང་བཞིན་ཏུ་བལྟ་བར་བྱའོ།། སྤྲིན་ཆེན་སྙིང་པོ་གཞན
311a8 ཡང་ཏིང་ངེ་འཛིནད་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་སྟོང་གསུམ་གི་སྟོང་ཆེན་པོ་འཇིག་རྟེན་གི་ཁམས་སུ་འཇིག་རྟེན་དང་འཐུན་པར་འཇུག་པའི་བྱ་བ་རྣམ་པ་གྲངས་མྱེད་དཔག་ཏུ་མྱེད་པ།། བགྲང་བ་ལས་འདས་པ་རྣམ་པ
311a9 སྣ་ཚོགས་སུ་བདག་ཉིད་བསྟོནད་ཏོ།། འཛམ་བུ་གླིང་བྱེ་བ་ཕྲག་སུམ་ཁྲི་དག་ཏུ་ཡང་གོང་མ་བཞིན་དུ་སྦྱར་རོ།། དེ་ལྟ་བུའི་ཚུལ་དུ་བྱེ་བ་ཕྲག་བརྒྱར་བསྒྲེ་བར་བྱ་སྟེ། ཀོང་མ་བཞིན་དུ་སྦྱར་རོ།། གསོལ་ད་པ། བཅོམ་ལྡན་འདས་ཏིང་ངེ




iiif viewer powered by OpenSeadragon

310b - 311b

Texts on this page

Ng26.12 - 'phags pa sprin chen po zhes bya ba theg pa chen po'i mdo