e-texts navigator
Collection
Volume
Page
Wylie

310b1 ལྟོ་འཕྱེ་ཆེན་པོ་གང་དག་གི་སྔར་པད་མའི་དྲི་དེ་སོང་བ་དེ་དག་ཐམས་ཅད་ཀྱང་ཆོས་ཀྱི་དགའ་བ་དང་། ཆོས་མཉནད་པའི་རྒྱུ་དང་ལྡན་པར་གྱུར་ཏེ། བདག་ཉོན་མོངས་པ་དང་བྲལ་བ་སྙམ་དུ་སེམས་སོ།། རེ
310b2 ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྲིན་ཆེན་སྙིང་པོས་ཆོས་ཀྱི་འོད་ཀྱི་བཀོད་པ་དེ་མཐོང་ནས། ཐལ་མོ་སྦྱར་ད་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ད་ཏོ།། བཅོམ་ལྡན་འདས་འདི་ལྟར
310b3 ཕྱོགས་བཅུར་འོད་གདའ་བ་འདི་དང་པད་མའི་བཀོད་པ་བྱུང་བ་འདི་སུའི་སྔ་ལྟས་ལགས། དེ་ནས་ལྷ་མོ་དྲི་མ་མྱེད་པའི་འོད་ཀྱིས། སྤྲིན་ཆེན་སྙིང་པོ་ལ་འདི་སྐད་ཅེས་སྨྲས་སོ།། འཕགས་པ་སྤྲིན་ཆེན་སྙིང་པོ་ཅིའི
310b4 ཕྱིར། བཅོམ་ལྡན་འདས་འདི་སུའི་སྔ་ལྟས་ལགས་ཤེས་སྨྲ། མཚན་མ་མྱེད་པའི་ཆོས་རྨྱི་ལམ་ལྟ་བུ་ཡིན་ཡང་འདྲི་བར་བྱེད་དམ་ཁྱོད་ལ་ནི་དེ་རུང་ཡང་ཕྱིན་ཅི་ལོག་ཡོད་པར་འདྲའོ།། སྨྲས
310b5 པ་ལྷ་མོ་ལེགས་སོ་ལེགས་སོ།། དེ་དེ་བཞིན་ཏེ། ལྷ་མོ་ཕྱོད་ལེགས་སོ།། ཁོ་བོ་ནི་རྨྱི་ལམ་ལྟ་བུའི་ཡུལ་དག་ལ་མཚན་མར་ལྟ་བ་འཛིནད་པའི་འདུ་ཤེས་བཅོམ་ལྡན་འདས་ལ་ཞུ་བར
310b6 བྱེད་དོ།། སྨྲས་པ། འཕགས་པ་སྤྲིན་ཆེན་སྙིང་པོ་སུའི་དོནད་ཀྱི་ཕྱིར་མཚན་མར་ལྟ་བ་འཛིནད་པའི་འདུ་ཤེས་སྨྲ་བར་བྱེད་སྨྲས་པ། སེམས་ཅན་ཐམས་ཅད་ལ་ཕན་པར་བྱ་བའི་ཕྱིར་རོ།། སྨྲས་པ།
310b7 གང་བདག་གི་ལྟ་བ་བསལ་མྱི་ནུས་པ་དེས་གཞན་གི་ལྟ་བ་སེམས་པར་འགྱུར་བ་དེ་ནི་གནས་མྱེད་དོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྤྲིན་ཆེན་སྙིང་པོ་དེ་ནི་ལྷ་མོས་ཇི་སྐད་སྨྲས་པ་བཞིན་ཏེ། ཏིང་ངེ
310b8 འཛིནད་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་གང་ཡིན་པ་དེ་ནི་མཚན་མ་མྱེད་པའི་འདུ་ཤེས་ཡང་དག་པར་མཐོང་བ་ཡིན་ནོ།། གསོལ་པ། བཅོམ་ལྡན་འདས་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་རིགས
310b9 ཀྱི་བུ་འམ། རིགས་ཀྱི་བུ་མོ་མཚན་མ་མཆིས་པའི་འདུ་ཤེས་ཡང་དག་པར་བལྟ་བར་འཚལ་བས། ཇི་ལྟར་ཡང་དག་པར་བལྟ་བར་བགྱི། བཀའ་སྩལ་པ། སྤྲིན་ཆེན་སྙིང་པོ་ཏིང་ངེ་འཛིནད་འདི་ལ་གནས་པའི་བྱང་ཆུབ་སེམས




iiif viewer powered by OpenSeadragon

310a - 311a

Texts on this page

Ng26.12 - 'phags pa sprin chen po zhes bya ba theg pa chen po'i mdo