e-texts navigator
Collection
Volume
Page
Wylie

310a1 འདུ་ཤེས་སུ་ལྟ་བའི་སེམས་ཅན་དེ་དག་ནི་མྱ་ངན་དུ་བྱ་བ་ཡིན་ནོ།། ཞེས་ཡང་དང་ཡང་དུ་ང་སྨྲའོ།། དེ་ནས་དེའི་ཚེ་ནུབ་ཕྱོགས་ནས་གསེར་གི་འོད་ཆེན་པོ་ཞིག་སྣང་བར་གྱུར་ད་ཏེ། གསེར་གྱི་འོད
310a2 ཆེན་པོ་དེས་ཀྱང་། སྟོང་གསུམ་གི་སྟོང་ཆེན་པོའི་འཇིག་རྟེན་གི་ཁམས་ཐམས་ཅད་ནོར་བུ་རིན་པོ་ཆེའི་མྱེའི་འོད་སྣང་བ་ཆེན་པོས་སྣང་བར་བྱས་སྟེ། དེའི་སྐབས་སུ་སྟོང་གསུམ་གི་སྟོང་ཆེན་པོའི་འཇིག་རྟེན་གི་ཁམས་ན་དེ
310a3 བཞིན་གཤེགས་པའི་འོད་གཅིག་པུ་མ་གཏོགས་པར་དེ་ལས་གཞན་པ་ཟླ་བ་དང་ཉི་མ་རྣམས་ཀྱི་འོད་དང་། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་རྣམས་ཀྱི་འོད་དང་། ཀླུ་དང་གནོད་སྦྱིན་དང་། ནམ་མཁའ་ལྡིང
310a4 རྣམས་ཀྱི་འོད་ཐས་ཅད་མོག་མོག་པོར་གྱུརྡ་ཏེ། རྩིག་པ་དང་། ཤིང་དང་། ཚལ་གི་ནང་དང་། ལྷུན་པོ་དང་། ལྷུན་པོ་ཆེན་པོ་དང་། དེ་བཞིན་དུ་འཇིག་རྟེན་གི་བར་མཚམས་དེ་དག་ཐམས་ཅད་འོད་དེས་སྣང་བར་བྱས
310a5 སོ།། སེམས་ཅན་དམྱལ་བ་པོའི་སེམས་ཅན་གང་དག་གི་ལུས། ལ་འོད་དེས་ཕོག་པ་དེ་དག་ཐམས་ཅད་ཀྱང་སྡུག་བསྔལ་རྩེ་ཞིལ་བར་གྱུ་རད་ཏོ།། བཅོམ་ལྡན་འདས་དང་འཁོར་གི་དཀྱིལ་འཁོར་ཆེན
310a6 པོའི་ནང་དུ་ཡང་པད་མ་བཀྲའ་ཞིང་བལྟ་ན་སྡུག་ལ་ཁ་དོག་བཟངཞིང་ཡིད་དུ་འོང་བ། མདབ་མ་བྱེ་བ་བརྒྱ་སྟོང་ཕྲག་དུ་མ་དང་ལྔ་ན་པ་སྟེང་རིན་པོ་ཆེའི་དྲ་བ་དྲི་གསུང་དང་ལྡན་ཞིང་འཇམ་ལ
310a7 ཀ་ཙ་ལིན་དའི་གོས་ལྟར་རེག་ན་བདེ་བ་བཀྲ་ཞིང་བལྟ་ན་སྡུག་པ་དག་གིས།། ཀུན་ཏུ་ཁྱེབས་པ་བྱེ་བ་ཕྲག་དྲུག་བཅུ་ས་གཞི་བརྟོལ་ད་ཏེ་མངོན་པར་འཐོནད་པར་འགྱུར་རོ།། པད་མ་དེ་དག་རེ་རེ་ལས་དྲི་ངེད་འབྱུང་བ་གང་ཡིན
310a8 བ་དེས་ཀྱང་། སྟོང་གསུམ་ཀི་སྟོང་ཆེན་པོའི་འཇིག་རྟེན་གི་ཁམས་དྲིས་ཁྱབ་པར་གྱུར་ཏོ།། སྟོང་གསུམ་ཀི་སྟོང་ཆེན་པོའི་འཇིག་རྟེན་གི་ཁམས་འདིའི་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། མྱི་རྣམས
310a9 ཀྱི་སྤོས་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་པད་མའི་དྲོ་དེས་ཁྱབ་པར་གྱུར་ད་ཏོ།། ལྷ་དང་མྱ་རྣམས་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་རྣམས་དང་། མྱི་འམ་ནི་དང་།




iiif viewer powered by OpenSeadragon

309b - 310b

Texts on this page

Ng26.12 - 'phags pa sprin chen po zhes bya ba theg pa chen po'i mdo