e-texts navigator
Collection
Volume
Page
Wylie

309b1 དེ་རས་སེམས་ཅན་དེ་དག་ཐམས་ཅད་ཀྱིས་ནོར་བུ་རིན་པོ་ཆེ་མ་རྙེད་ཀྱང་། ཀྱེ་མ་ནོར་བུ་རིན་པོ་ཆེ་མ་ཙྪེ་དོ་ཞེས་ནོར་བུ་མྱེད་པའི་འདུ་ཤེས་འཇུག་ཅིང་རྟོག་པར་བྱེད་དམ། དེའི་ནང་ན་ཐབས་ལ་མཁས་ཤིང་གཞུངས་པ་གཅིག་གིས
309b2 རི་ནོར་བུ་རིང་པོ་ཆེ་དེ་རྙེད་དོ།། དེ་བཞིན་དུ་མདོ་དང་ཏིང་ངེ་འཛིན་ཐམས་ཅད་ཀྱི་ལྡེམ་པོ་ངག་གི་ཚིག་མྱི་ཤེས་པའི་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ནི་ཐམས་ཅད་མྱི་རྟག་པ་དང་། སྟོང་པའི་འདུ་ཤེས་དང་། སེམས
309b3 ཅད་མྱེད་པ་སྒོམ་པར་བྱེད་དེ། དེ་བཞིན་གཤེགས་པའི་རྟག་པ་ཉིད་མ་ཐོབ་པས་སེམས་ཅན་ཐམས་ཅད་འཁོར་ལོ་བཞིན་དུ་འཁོར་གྱི། ཏིང་ངེ་འཛིནད་འདི་ལ་གནས་པའི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོས་ནི། དེ་བཞིན
309b4 གཤེགས་པའི་ལྡེམ་པོ་ངག་ནོར་བུ་བཞིན་དུ་རྙེད་པར་འགྱུར་རོ།། སྤྲིད་ཆེརན་སྙིང་པོ་དེ་བས་ན། དེ་བཞིན་གཤེགས་པ་རྣམས་ཀྱི་ཤིན་ཏུ་ལྷག་པ་ཡང་དག་པར་མཐོང་བར་འདོད་པས་ནི། ཏིང་ངེ་འཛིན
309b5 ལ་གནས་པའི་བྱང་ཆུབ་སེམས་དཔའ་ལ་རྟག་པ་དང་། བདག། དང་། སེམས་ཅན་དུ་འདུ་ཤེས་བསྐྱེད་པར་བྱ་ཞིང་ཐ་ར་ད་པའི་འདུཤེས་བསྐྱེད་པར་བྱའོ།། །
309b6 བམ་པོ།། རིགས་ཀྱི་བུ་གཞན་ཡང་ཏིང་ངེ་འཛིན་འདི
309b7 ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་ཤིང་གི་གྲིབ་མ་དང་འདྲ་བར་བལྟ་བར་བྱའོ།། དེ་ཅིའི་ཕྱིར་ཞེན། ཤིང་ཡོད་ན་གྲིབ་མ་འབྱུང་ལ་གྲིབ་མ་ཡོད་ན་ལམ་དུ་ཞུགས་ཏེ་ངལ་བར་གྱུརང་བའི་སེམས་ཅན་དེརང་འདུག་པ་རྣམས་དབུས
309b8 ཕྱི་དང་པར་འགྱུར་རོ།། དེ་བཞིན་དུ་དེ་བཞིར་གཤེགས་པའི་ཆོས་འདོད་པའི་སེམས་ཅན་རྣམས་ཀྱང་སྐྱབས་སུ་འགྲོ་བར་འགྱུར་རོ།། སེམས་ཅན་གང་དག་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པར་ལྟ
309b9 བའི་སེམས་ཅན་དེ་དག་ལ་མི་སྐྱབས་སུ་འགྲོ་བ་ཙམ་ཡང་མྱེད་དོ་ཞེས་ང་སྨྲའོ།། གང་དག་དེ་ལྟར་ཡང་དག་པར་མཐོང་བ་དེ་དག་ནི་བསྟན་པ་འདི་ལ་འཕྲོ་བར་མྱི་བྱེད་དོ།། གང་དག་ཡོངས་སུ་མྱ་ངན་ལས་འདའ་བའི




iiif viewer powered by OpenSeadragon

309a - 310a

Texts on this page

Ng26.12 - 'phags pa sprin chen po zhes bya ba theg pa chen po'i mdo