| e-texts navigator |
| Wylie |
308b1 སྣོད་དང་ལྕགས་ཀྱི་རང་བཞིན་དང་ལྷན་ཅིག་ཏུ་མར་མེ་གུམ་པ་ལྟ་བུ་དེ་ཐར་ད་པའི་ཚུལ་ཡིན་ནོ་ཞེས། དེ་བཞིན་གཤེགས་པས་བཤད་པར་གྱུར་དེ་ན་ནི། དེ་ལྟ་ན་དེ་བཞིན་གཤེགས་པ་ཆད་པར་སྨྲ་བར་ཡང་འགྱུར་བ་ཞིག་ན།
308b2 སྤྲིན་ཆེན་སྙིང་པོ་ངས་ནི་དེ་སྐད་མ་བཤད་ཀྱི། དངོས་པོ་མྱེད་པའི་ཚུལ་དུ་བཤད་དེ། ལྕགས་ཀྱི་མར་མྱེ་ཤི་བའི་ཚུལ་དུ་བཤད་པ་གང་ཡིན་པ་དེ་ནི་ཉོན་མོངས་པ་རབ་ཏུ་ཞི་བའི་ཐ་ཚིག་སྟེ། དངོས་པོ་ནི་ཀྱིས་བྱ་བའི་ཐ་ཚིག་གོ།
308b3 གསོལ་བ། སངས་རྒྱས་ཐམས་ཅད་ཀྱིས་རབ་ཏུ་བསྒྲིམས་ཏེ། བསྐལ་པ་བྱེ་བ་ཕྲག་མང་པོར་བཙལ་ཀྱང་མྱི་རྙེད་དོ།། ཞེས་གསུངས་པའི་དོན་འདི་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པས་བཤད་དུ་གསོལ་པ།
308b4 བཀའ་སྩལ་པ། སྤྲིན་ཆེར་སྙིང་པོ་དེ་དེ་བཞིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སྲིད་པ་ཐམས་ཅད་དུ་བསྐལ་པ་བྱེ་བ་ཕྲག་གྲངས་མྱེད་པ་ལས་སྩོགས་པར་རབ་ཏུ་བསྒྲིམས་ཏེ་བཙལ
308b5 ཀྱང་སེམས་ཅན་དུ་འདུ་ཤེས་པ་རྙེད་པར་འགྱུར་བ་དེ་ནི་གནས་མྱེད་དོ།། འདི་ལྟ་སྟེ་དཔེར་ན། རྒྱལ་པོ་ཞག་རང་གི་ཁང་བཟངས་ཀྱི་བཙུན་མོའི་འཁོར་ནས་བྱུང་སྟེ། གནས་གཞན་ཞིག་ཏུ་སོང་བར་མཐོང
308b6 བ་ལ་རྒྱལ་པོ་བཙུན་མོའི་འཁོར་གི་ནང་ན་འདུག་གོ་ཞེས་བྱ་བ་དེ་ནི་གནས་མྱེད་དོ།། དེ་བཞིན་དུ་ཏིང་ངེ་འཛིནད་འདི་ལ་གནས་པ་བདག་དང་སེམས་ཅན་དང་ལྡན་པ་སྲིད་པ་ཐམས་ཅད་སྤངས་པ། ཀུན་ནས་ཉོན་མོངས་པ
308b7 མྱེད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཀྱི་ངོར་ལ་སྲིད་པའི་ཉེས་པ་དང་། རྣམ་པར་འདྲེས་ཤིང་འདུག་གོ་ཞེས་བྱ་བ་དེ་ནི་གནས་མྱེད་།། དེ་བས་ན་བཅོམ་ལྡན་འདས་ཀྱིས་སྲིད་པ་ཐམས་ཅད་ན་ཡང་རྟག
308b8 པར་གནས་པའི་ཆོས་ཡུངས་འབྲུ་ཙམ་ཡང་མྱེད་དོ་ཞེས་བྱ་བ་ནི། བདག་དང་སེམས་ཅན་དང་སྲོག་དག་གང་ཟག་མྱེད་དོ་ཞེས་བསྟནད་པ་ཡིན་ཏེ། ཤིནད་ཏུ་ཡུན་རིང་དུ་གནས་པ་ནི་སངས་རྒྱས་ཀྱི་ཆོས་ལ་གནས་པ་ཡིན་པར
308b9 འདུ་ཤེས་བསྐྱེད་པར་བྱའོ།། ཏིང་ངེ་འཛིན་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་ཆགས་པ་ཡང་མ་ཡིན། མ་ཆགས་པ་ཡང་མ་ཡིན། ཉེ་བར་ལེ་ནད་པའི་ཆོས་ལ་གནས་པའ་ཡང་མ་ཡིན་ཏེ། རྟག་པ་དང་།