e-texts navigator
Collection
Volume
Page
Wylie

308a1 འདི་ནི་དཔེར་བགྱི་བ་ལགས་ཤེས་བདག་མཆིའོ།། བཀའ་སྩལ་པ། སྤྲིན་ཆེན་སྙིང་པོ་བརྟན་པའི་དཔེའ་ནི་འཇིག་རྟེན་ཐམས་ཅད་ན་མྱེད་དེ་དེ་དང་འདྲ་བ་ཙམ་གྱི་ཕྱིར་དཔེ་རྣམ་པ་ལྔ་པོ་འདི་དག་ངས
308a2 དཔེར་བྱས་མོས་ཀྱི། འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ལ་ནི་དཔེའ་མྱེད་པར་རིག་པར་བྱའོ།། གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པས་ཅི་ལ་དགོངས་ཏེ། ཐ་རད་པ་ལ་ལྕགས་ཀྱི་མར་མེ་གུམ
308a3 བའི་ཚུལ་དང་འདྲ་ཞེས་གསུང་། བཀའ་སྩལ་བ། ང་ནི་ཐ་རད་པ་ལ་ལུགས་ཀྱི་མར་མེ་གུམ་པའི་ཚུལ་དང་འདྲ་ཞེས་གསུངས། ཉོན་མོངས་ལ་བདཔ་པ་ཟེར་རོ།། གསོལ་པ་བཅོམ་ལྡན་འདས་ཅི་མཁྱེ་ང་བཞིན་དུ་ཐ་རད་པ་ལ
308a4 མྱི་གསུང་གི། ཉོན་མོངས་པ་ཟད་པ་ལ་གསུང་ངོ་ཞེས་ཤོ་བྱེ་གསུ་པ་ངམ། ད་ལྟར་ནི་འདི་སྐད་གསུང་ལ། ཆོས་ཐམས་ཅད་ཆུ་ཟླ་དང་འདྲ་སྟེ་སྒྱུ་མ་ལྟ་བུའོ་ཞེས་ཀྱང་དེ་བཞིན་གཤེགས་པས་གསུང
308a5 སོ།། བཀའ་སྩལ་པ། ཆུ་ཟླ་དང་འདྲ་བ་དང་། སྒྱུ་མ་ལྟ་བུ་དང་འདྲ་ཞེས་བྱ་བ་ནི་ཉོན་མོངས་པ་ཟད་པ་ལ་གསུངས་ཀྱི། ཆོས་ཐམས་ཅད་ལ་མ་གསུངས་ཏེ། ཆོས་ལ་ལ་ནི་རྟག་ཆོས་།
308a6 ལ་ནི་མྱི་རྟག་ཅེས་ང་སྨྲའོ།། ཡང་བཀའ་སྩལ་པ། ཇི་ལྟ་ཞེ་ན། སེམས་ཅན་གང་དག་ཐ་རད་པའི་ཕྱོགས་སུ་གཏོགས་པ་དག་ནི། རྟག་པའི་ཆོས་ཅན་ཡིན་ནོ།། གང་དག་སེམས་ཅན་མྱེད་པ་དང་།
308a7 སྲོག་མྱེད་པའི་ཕྱོགས་སུ་གཏོགས་པ་དེ་དག་ནི་མྱི་རྟག་པའི་ཆོས་ཅན་ཞེས་ང་སྨྲའོ།། གསོལ་པ། དངོས་པོ་མ་མཆིས་པའི་ཚུལ་དུ་བཀའ་སྩལ་པ་ལགས་ན། ཅི་ལ་དགོངས་ཏེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པས
308a8 ལྕགས་ཀྱི་མར་མེ་གུམ་པ་ལྟ་བུའི་ཚུལ་དུ་བསྟནད་པ་མཛད།། བཀའ་སྩལ་པ། དེ་ལ་དངོས་པོ་ཅི་ཞིག་ཡོད།། གསོལ་ད་པ། འབྲུ་མར་གི་སྣོད་དང་། ལྕགས་ཀྱི་རང་བཞིན་མཆིས་སོ།། བཀའ་སྩལྡ་པ།
308a9 སྤྲིན་ཆེན་སྙིང་པོ་ལེགས་སོ་ལགས་སོ།། དེ་ལྟར་ལྟ་བར་འདོད་པའི་བྱང་ཆུབ་སེམས་དཔས་ཏིང་ངེ་འཛིན་ལ་གནས་པའི་བྱང་ཆུབ་སེམས་དཔའ་ལ་དངོས་པོ་རང་བཞིན་དང་འདྲ་བར་བལྟ་བར་བྱའོ།། གལ་ཏེ་འབྲུ་རམ་གི




iiif viewer powered by OpenSeadragon

307b - 308b

Texts on this page

Ng26.12 - 'phags pa sprin chen po zhes bya ba theg pa chen po'i mdo