e-texts navigator
Collection
Volume
Page
Wylie

307b1 གང་ཟག་དུ་གྱུར་པ་ཉིད་དུ་ཡང་དག་པར་མཐོང་བར་འདོད་པའི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོས་ནི་དོན་འདི་ལྟ་བུར་བལྟ་བར་བྱའོ།། གང་དག་དེ་ལྟར་མྱི་ལྟ་བ་དེ་དག་ནི་ཡང་དག་པ་མཐོང་བ་མ་ཡིན་ནོ་ཞེས་ང་སྨྲའོ།། སེམས
307b2 ཅན་དེ་དག་ནི་འཇིག་རྟེན་པའི་ཆོས་ཅན་དང་། རྨོངས་པའི་ཆོས་ཅན་ཡིན་པཱ་ད་སྨྲའོ།། གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པས་ཅི་ལ་དགོངས་ཏེ། འདི་སྐད་དུ་དཔེའ་ལྔ་པོ་འདི་དག་ནི་དེ་ཁོ་ན་ཡིན་ཞེས་གསུངས།།
307b3 གལ་ཏེ་དེ་བཞིན་གཤེགས་པ་དེ་སྐད་གསུང་ན་མི་འདིའི་གཏན་ཚིག་བཀའ་སྩལ་འཚལ་ལོ།། འདི་ནི་སེམས་ཅན་རྣམས་ལ་ཡང་འགལ་བ་ཆེན་པོར་འགྱུར་རོ།། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འཇིག་རྟེན་གི་བྱ་བ་ཐམས
307b4 ཅད་ནི་མྱི་རྟག་པའི་ཆོས་ཡིན་ནོ་ཞེས་ཀྱང་བཀའ་སྩལ་ད་ན། དཔེལ་ལྔ་པོ་འབྲུ་དང་ཤིང་ལ་སྩོགས་པ་འབྲས་བུ་ཉིད་དུ་གྱུར་པ་ན་དེ་དག་ཇི་ལྟར་སླར་འཇིག་པར་མྱི་འགྱུར། གལ་ཏེ་འཇིག་པར་འགྱུར་ན་ནི
307b5 སེམས་ཅན་ཡང་འཇིག་པར་འགྱུར་བས་དེ་དང་འདྲ་བའི་ཆོས་ཐམས། ཅད་ཀྱང་མྱི་རྟག་པར་ཡང་དག་པར་འདུ་བར་འགྱུར་རོ་ཞེས་བདག་མཆེ། སྟེ་ཞིག་ཀོ་འཚལ་ནི་སླར་སྐྱེའོ་ཞེས་བདག་མཆིའོ།། བདག་ནི
307b6 སེམས་ཅན་རྣམས་ལ་རྣམ་པ་གཉིས་སུ་མྱི་རྟོག་སྟེ། འདིར་གུམ་པ་རྣམས་གཞན་དུ་སྐྱེ་བ་སོ་སོར་ལེ་ནད་པར་འགྱུར་རོ་ཞེས་བདག་མཆིའོ།། དེ་བས་ན་ཆོས་ཐམས་ཅད་མྱི་རྟག་གོ་ཞེས་བདག་མཆི་སྟེ། འཇིག
307b7 རྐེད་འདི་མརྟག་པའི་ཆོས་ཅི་ཡང་དག་པར་མ་མཐོང་ངོ་།། གལ་ཏེ་དེ་ལྟར་གྱུར་པ་ན་རྟག་པ་དང་། མྱི་རྟག་པའི་ངོད་གཉི་ག་མ་མཆིས་སོ་ཞེས་བདག་མཆི་མོད་ཀྱི། བཅོམ་ལྡན་འདས་ཀྱི་ཞལ་ནས་ཤོ་བ་བྱུང་ངོ་ཞེས་ཀྱང་ཇི་སྐད་བགྱི།
307b8 བཅོམ་ལྡན་འདས་ཀྱིས་བཀའ་སྩལྡ་པ། སྤྲིན་ཆེན་སྙིང་པོ་ཅི་དང་གི་སྲིད་བུ་ལྟར་བདག་ཉིད་དཀྲི་བར་སེམས་སམ། འདི་ན་མྱི་ལ་ལ་དེ་འདྲ་བའི་ཕྱིར། ཀྱེ་མ་ཁྱོད་ཀྱི་བཞིན་ཟླ་བ་དྲའོ་ཞེས་ཟླ་བ་ལས་དཔའ་ལེན་པར་བྱེད་ལ།
307b9 མྱི་གཞན་ཞིག་གིས་ནི་ཀྱེ་མ་གླང་པོ་ཆེའི་དབང་པོ་རི་དང་འདྲའོ་ཞེས་རི་ལས་དཔེའ་ལ་ནད་པར་བྱེད་ན་ཅི་ཟླ་བའི་བཞིན་དང་འདྲ་བར་འགྱུར་རམ།། རི་ཡང་གླང་པོ་ཆེ་དང་འདྲ་བར་འགྱུར་རམ། ཞེས་བརྗོད་དགོངས་སོ།། གསོལ་པ།




iiif viewer powered by OpenSeadragon

307a - 308a

Texts on this page

Ng26.12 - 'phags pa sprin chen po zhes bya ba theg pa chen po'i mdo