e-texts navigator
Collection
Volume
Page
Wylie

307a1 བྱེད་ལ།། གསེགས་དང་གྱོ་མོ་དང་། སོ་དོག་མྱེད་པའི་རང་བཞིན་དུ་གྱུར་ནས་ནི།། སེམས་ཅན་རྣམས་ཀྱི་བྱ་བའི་དོན་ཡང་བྱེད་ཅིང་རིན་པོ་ཆེའི་རང་བཞིན་ཐེར་ཟུག་པ་དང་། བརྟན་པ་དང་། རྟག་པའི་ཆོས་སུ་ཡང་དག་པར་འདུ
307a2 བར་འགྱུར་རོ།། དེ་བཞིན་དུ་ཆོས་ཐམས་ཅད་མྱི་འཐུན་པར་སྤྱོད་ཅིང་ནམ་ཏིང་ངེ་འཛིནད་འདི་མ་ཐོབ་ཀྱི་བར་དུ་ནི་མྱི་བརྟན་པའི་ཆོས་སུ་ཡང་དག་པར་འདུ་སྟེ། སེམས་ཅན་རྣམས་ཀྱི་སྐྱབས་མྱེད་པར་ཡང་མྱི་འགྱུར་ལ།
307a3 ལྟ་བ་དང་ཐེ་ཙོམ་དང་། ཡོངས་སུ་མྱ་ངན་ལས་འདའ་བའི་འདུ་ཤེས་དང་། མྱི་རྟག་པ་དང་། མྱི་བརྟན་པའི་རང་བཞིན་གི་ཉོན་མོངས་པའི་སྐྱོན་ཐམས་ཅད་དང་བྲལ་བའི་རང་བཞིན་དུ་གྱུར་ད་ནས། དེ་ཕྱི་ནད་ཅད་ནི་སེམས་ཅན་རྣམས་ཀྱི་ཐེ་ཚོམ
307a4 ཐམས་ཅད་ཀྱང་གཅོད་པར་བྱེད་ཅིང་སྐྱབས་སུ་གྱུར་ད་པ་ཡང་ཡིན་ལ། རྟག་པ་དང་ཐེར་ཟུག་དང་། བརྟན་པ་དང་། ཞི་བར་གྱུར་ད་པའི་རང་བཞིན་གི་ས་བོན་དུ་ཡང་འགྱུར་ཞིང་། སེམས་ཅན་དུ་འདུ་ཤེས་པ་ལ་ཡང་འགོད
307a5 པར་འགྱུར་རོ།། སྤྲིན་ཆེན་སྙིང་པོ་གཞན་ཡང་འདི་ལྟ་སྟེ། དཔེར། ན་སྦྲུལ་རྒས་པའི་པགས་པ་རྙིང་པ་ནམ་མ་རྗེས་ཀྱི་བར་དུ་མྱི་བརྟན་པོའི་ཆོས་སུ་ཡང་དག་པར་འདུའོ།། དེ་བཞིན་དུ་ཆོས་ཐམས་ཅད་མྱི
307a6 མཐུན་པར་སྤྱོད་ཅིང་། ནམ་ཏིང་ངེ་འཛིན་འདི་མ་ཐོབ་ཀྱི་བར་དུ་སྦྲུལ་རྒས་པའི་པགས་པ་རྙིང་པ་བཞིན་དུ་མྱི་བརྟན་པའི་ཆོས་སུ་ཡང་དག་པར་འདུ་བར་འགྱུར་ལ། སྤྲུལ་རྒས་པའི་པགས་པ་རྙིང་པ་དང་འདྲ་བའི་ལྟ་བ་དང་།
307a7 ཐེ་ཙོམ་དང་། ཡོངས་སུ་མྱ་ངན་ལས་འདའི་འདུ་ཤེས་དང་། མྱི་རྟོག་པ་དང་མྱི་བརྟན་པའི་རང་བཞིན་གི་ཉོན་མོངས་པའི་ཤུགས་བྲགས་ཐམས་ཅད་དང་བྲལ་བའི་རང་བཞིན་དུ་གྱུར་པ་ནས།། དེ་ཕྱི་ནང་ཆད་ནི་སེམས་ཅན་རྣམས་ཀྱི་ཐེ་ཙོམ་ཞེས
307a8 ཅད་ཀྱང་གཅོད་པར་བྱེད་ཅིང་སྐྱབས་སུ་གྱུར་པ་ཡང་ཡིན་ལ།། རྟག་པ་དང་ཐེར་ཟུག་པ་དང་། བརྟན་པ་དང་། ཞི་བ་དང་། བསིལ་བ་དང་། བདེ་བ་དང་། འཇིགས་པ་མྱེད་པར་ཡང་འགྱུར་ཞིང་། སེམས་ཅན་རྣམས་ཀྱང་བདག་དང་སེམས་ཅན
307a9 དུ་འདུ་ཤེས་པའི་ཏིང་ངེ་འཛིནད་ཀྱི་སྤྱོད་པ་འདི་ལ་འགོད་པར་འགྱུར་རོ།། སྤྲིན་ཆེན་སྙིང་པོ་དེ་བས་ན། ཏིང་ངེ་འཛིན་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ལ་རྣམ་པ་ལྔ་པོ་འདི་དག་གྱིས་བདག་དང་། སེམས་ཅན་དང་།། སྲོག་དང་།




iiif viewer powered by OpenSeadragon

306b - 307b

Texts on this page

Ng26.12 - 'phags pa sprin chen po zhes bya ba theg pa chen po'i mdo