| e-texts navigator |
| Wylie |
302a1 ཚུལ་ཁྲིམས་སྲུངས་སྟེ། ལག་པ་འདོད་པ་རྣམས་ལ་ནི་ལག་པ་སྦྱིན་ནོ།། རྐང་པ་འདོད་པ་རྣམས་ལ་ནི་རྐང་པ་སྦྱིན་ནོ།། མྱིག་འདོད་པ་རྣམས་ལ་ནི་མྱིག་སྦྱིན་ནོ།། ཤ་འདོད་པ་རྣམས་ལ་ནི་ཤ་སྦྱིན་ནོ།།
302a2 ཁྲག་འདོད་པ་རྣམས་ལ་ནི་ཁྲག་སྦྱིན་ནོ།། རྐང་འདོད་པ་རྣམས་ལ་ནི་རྐང་སྦྱིན་ནོ།། ཡན་ལག་རེ་རེ་ནས་འདོད་པ་རྣམས་ལ་ཡང་ཡན་ལག་རེ་རེ་ནས་སྦྱིན་ནོ།། བྲན་པོ་དང་བྲན་མོ་འདོད་པ་རྣམས་ལའང་བྲན་དུ་འགྲོ་བར་བྱ་ན།
302a3 ནོར་རམ་འབྲུ་རྣམས་ཡོངས་སུ་བཏང་བ་ལྟ་ཅི་སྨོས་ཏེ། དེ་ལྟར་གྱུར་ད་ཅིག་ཅེས་དེའི་ཕྱིར་ཚུལ་ཁྲིམས་སྲུང་ངོ་།། གཞན་ཡང་འཇིག་རྟེན་དང་འཐུན་པའི་བྱ་བ་དུ་མ་དག་གིས་སེམས་ཅད་གང་དང་གང་ལ་ཅི་དང་ཅིས་དོན་དུ
302a4 འགྱུར་བ་དེ་དང་དེ་ལ་དེ་དང་དེ་སྦྱིན་པར་བྱའོ།། མྱི་དཀའ་བ་མྱེད་པ་ར་ཡོངས་སུ་བཏང་བར་བྱའོ།། ཕྱིས་འགྱོད་པ་མྱེད་པར་སྦྱིན་པར་བྱའོ།། རྣམ་པར་སྨྱིད་པ་ལ་རེ་བ་མྱེད་པར་སྦྱིན་པར་བྱའོ།།
302a5 སེམས་ཅན་ལ་ཕན་གདགས་པ་དང་། སེས་ཅན་ལ་སྙིང་བརྩེ་བ། དང་། དེ་བཞིན་གཤེགས་པའི་རྟག་པ་ཉིད་བརྟནད་པའི་ཕྱིར། སྦྱིན་བའི་ཕ་རོལ་ཏུ་ཕྱིནད་པ་ལ་སྤྱོད་དེ། སེམས་ཅན་ཐམས་ཅད
302a6 བསྡུས་ནས་དེ་བཞིན་གཤེགས་པའི་རྟག་པ་ཉིད་ཁོང་དུ་ཆུད་པར་བྱའོ།། སྤྲིན་ཆེན་པོ་གཞན་ཡང་ཏིང་ངེ་འཛིནད་འདི་ལ་གནས་པའི་བྱང་ཆུབ་སེ་མས་དཔའ་ནི། སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པའི
302a7 རྟག་པ་ཉིད་ཡང་དག་པར་ཁོང་དུ་ཆུད་པར་བྱེད་དོ།། དེ་ཅིའི་ཕྱིར་ཞེ་ན། དེ་འདི་སྙམ་དུ་གཞན་གི་དོན་གི་ཕྱིར་ལག་པ་འམ།། རྐང་པ་འམ། བྲན་པོ་འམ། བྲན་མོ་ཡང་རུང་སྟེ། སེམས་ཅན་གང་དང་གང་ལ་ཅི་དང་ཅིས་དོན་ཏུ་འགྱུར
302a8 བ་དེ་དང་དེ་སྦྱིན་པར་བྱ་སྟེ། བདག་གི་ལུས་དོན་མྱེད་པར་མ་གྱུར་པར་སེམས་ཅན་རྣམས་ཀྱི་ལོངས་སྤྱོད་ཀྱི་རྒྱུར་གྱུར་ད་ཅིག། ཅེས་སེམས་བསྐྱེད་པར་བྱེད་དོ།། གསོལ་པ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའི
302a9 མདོའི་གཞུང་ལུགས་གཞན་དག་ལས། དགེ་སློང་དག་མྱིའི་ལུས་ནི་ཤག་ཤིག་ཏུ་གྱུར་པ་ལྟ་བུ་རྣག་ཅན་གི་ལུས་ཡིན་ཏེ། རྫ་མཁན་གྱི་ཕུབ་མ་མྱིག་ཅེས་པ་བོར་བ་བཞིན་དུ། དགོས་པའི་དོན་དག་ལ་དོན་དུ་འགྱུར་བ་མྱེད་དོ་ཞེས