| e-texts navigator |
| Wylie |
301b1 འདིའི་ཡུལ་བཤད་པ་ཐོས་ན་སྤོང་བར་མྱི་བགྱིད་པ་ནི་ཀྱེ་མ་ངོ་མཚར་ཏེ། སེམས་ཅན་དེ་དག་ནི་མྱ་ངན་དུ་བགྱི་མྱི་འཚལ་བ་ལགས་སོ།། བཀའ་སྩལ་ད་པ། སྤྲིན་ཆེན་སྙིང་པོ་དེ་དེ་བཞིན་ཏེ། མ་འོངས་པའི་དུས་ན་ཏིང་ངེ་འཛིན་བསྟནད་པ
301b2 འདི་བཤད་པ་ན། གང་དག་སྤོང་བར་མྱི་བྱེད་པའི་སེམས་ཅན་དེ་དག་ལ་ནི་མྱ་ངན་བྱ་མྱི་དགོས་སོ།། འདི་ལྟ་སྟེ་དཔེར་ན་རྒྱལ་པོའི་བུ་རིགས་ཆེ་ཞིང་སྟོབས་དང་ལྡན་ལ།། འཁོར་སྙིང་ཉེ་བ་དང་། ཚུལ་དུ་བསྲུང་བར་བྱ་བ་དང་། ཡོན་ཏན་དང
301b3 ལྡན་ཞིང་རྒྱལ་པོ་ཆེན་པོར་དབང་བསྐུར་བའི་སྤུ་ལ་བབ་པ་ནི།། གནས་དམའ་བའ་ལ་འདོད་པའི་སེམས་མྱི་སྐྱེད་དེ། རྒྱ་ཆེན་པོའི་རྒྱལ་སྲིད་ཀྱི་གནས་ལ་སེམས་སོ།། དེ་བཞིན་དུ་ཏིང་ངེ་འཛིནད་བསྟནད་པ་འདི་བཤད་པ། ཐོས་ན་སྤོང་བར
301b4 མྱི་བྱེད་ཅིང་། ཁ་དོན་ཏུ་བྱེད་པ་དག་ནི་ཆོས་ཀྱི་ཡོམ་ཏ་ཅེས་ཅད་དང་ནི་དང། བྱང་ཆུབ་ཆེན་པོར་དབང་སྐུར་བའི་འོས་ཡིན་ཏེ། ཏིང་ངེ་འཛིན་འདི་ཐོས་ན། ཏིང་ངེ་འཛིརང་གི་མཆོག་འདི་ལས་གཞན་པ། གནས་དཔའ
301b5 བ་ལ་འདོད་པའི་སེམས་ཀྱི་བསྐྱེད་དེ། དེ་ནི་གནས་མྱེད་དོ།། ཏིང་། ངེ་འཛིནང་རྒྱ་ཆེན་པོའི་གནས་འདི་ཡང་རྐྱེན་དུ་བབ་པ་ཡིན་ནོ།། སྤྲིད་ཆེན་སྙིང་པོ་གཞན་ཡང་དཔེར་ན་གདོལྡ་པ་ཟོ་ལང་པ་ནི་མཆོད
301b6 པ་ཆེན་པོས་དབང་བསྐུ་རང་པོའི་འོས་མ་ཡིན་ནོ།། དེ་བཞིན་དུ་གདོལ་ད་པ་ཟོལྡ་པ་དང་། འདྲ་བའི་སེམས་ཅན་དག་ཀྱང་ཏིང་ངེ་འཛིནད་ཀྱི་རྒྱལ་པོ་འདིའི་དབང་བསྐུར་བའི་འོས་སུ་མྱི་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། ཏིང་ངེ
301b7 འཛིནད་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱས་པ་ཡིན་པར་རིག་པར་བྱ་བའི་ཕྱིར་རོ།། སྤྲིན་ཆེན་སྙིང་པོ་གཞན་ཡང་ཏིང་ངེ་འཛིནད་འདི་ལ་གནས་པའི་བྱང་ཆུབ་སེམས་དཔལ
301b8 ཡུལ་ལ་ལྟོས། ཏིང་ངེ་འཛིནད་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། དེ་བཞིན་གཤེགས་པའི་ཡོན་ཏན་རྟག་པ་དང་། ཐེར་ཟུག་པ་དང་། བརྟན་པ་དང་། ཞི་བ་བསྟནད་པར་བྱ་བའི་ཕྱིར། ཏིང་ངེ
301b9 འཛིན་འདི་མྱི་ཤེས་པའི་སེམས་ཅན་ཐམས་ཅད་ལ་ཁོང་དུ་ཆུད་པར་བྱའོ་སྙམ་ནས། སེམས་ཅན་གང་དང་གང་ལ་ཅི་དང་ཅིས་དོན་དུ་འགྱུར་བ་དེ་དང་དེ་དག་ལ་དེ་དང་དེ་སྦྱིན་པར་བྱའོ་སྙམ་དུ་དམ་བཅས་ནས་སྨོན་ལམ་གྱི་ཕྱིར