| e-texts navigator |
| Wylie |
300b1 གཤེགས་པའི་བསམ་གྱིས་མྱི་ཁྱབ་པའི་གནས་ཀྱི་ཕྱིར་ཡང་སེམས་བསྐྱེད་པར་མྱི་འདོད་དོ།། དེ་བཞིན་གཤེགས་པའི་དཔག་ཏུ་མྱེད་པའི་ཕྱིར་ཡང་སེམས་བསྐྱེད་པར་མྱི་འདོད་དོ།། དེ་བཞིན་གཤེགས་པའི་མཚུངས་པ
300b2 མྱེད་པའི་ཕྱིར་ཡང་སེམས་གནས་པར་མྱི་སྦོམ་མོ།། དེ་བཞིར་གཤེགས་པའི་གྲངས་མྱེད་པའི་ཕྱིར་ཡང་སེམས་བསྐྱེད་པར་མྱི་བྱེད་དོ།། དེ་བཞིན་གཤེགས་པའི་ཡོན་ཏན་དཔག་ཏུ་བྱེད་པ་དང་ལྡན་པའི་ཕྱིར་ཡང་སེམས
300b3 བསྐྱེད་པར་གྱི་བྱེད་དོ།། དེ་བཞིན་གཤེགས་པའི་རྣམ་པར་འཕྲུལ་པ་དང་ཆོ་འཕྲུལ་གི་ཕྱིར་ཡང་ཚུལ་ཁྲིམས་ཀྱི་བྱུང་ངོ་།། དེ་བཞིན་གཤེགས་པའི་མྱི་འཇིགས་པའི་ཕྱིར་ཡང་ཚུལ་ཁྲིམས་ཀྱི་བསྲུང་ངོ་།། ང་བཞན་གཤེགས་པ་ལ
300b4 དེ་བ་ཞིང་གཤེགས་པའི་གསང་བའི་ཕྱིར་ཡང་ཚུལ་ཁྲིམས་མྱི་བསྲུང་ངོ་།། དེ་བཞིན་གཤེགས་པའི་མཆོད་པའི་གནས་བླ་ན་མྱེད་པ་ཡི་ཕྱིར་ཡང་ཚུལ་ཁྲིམས་མྱི་སྲུང་ངོ་།། དེ་བཞིན་གཤེགས་པའི་སྙིང་པོའི་ཕྱིར
300b5 ཡང་ཚུལ་ཁྲིམས་མྱི་སྲུང་གི། སེམས་ཅན་ཐམས་ཅད་སྐྱེ་བ་དང་། རྒ་བ་དང་། འཆི་བ་དང་།། མྱ་ངན་དང་། སྨྲེ་སྔགས་འདོགས་པ་དང་། སྡུག་བསྔལ་བ་དང་། ཡིད་མྱི་བདེ་བ་དང་། འཁྲུག་པ་ལས་ཐ་དད་པར
300b6 འདོད་པའི་ཕྱིར་ཚུལ་ཁྲིམས་སྲུང་ངོ་། སེམས་ཅན་ཐམས་ཅད་ཀྱིས་བདེ་བ་ཐོབ་པར་འདོད་པའི་ཕྱིར་ཚུལ་ཁྲིམས་སྲུང་ངོ་།། སེམས་ཅན་ཐ་མ་ས་ཅད་གྲུབ་པ་དང་བདེ་བར་འདོད་པའི་ཕྱིར་ཚུལ་ཁྲིམས་སྲུང་ངོ་།། སེཾས
300b7 ཅན་ཐམས་ཅད་བྱང་ཆུབ་ཀྱི་ཡོན་ཏན་ལ་དགོད་པར་འདོད་པའི་ཕྱིར་ཚུལ་ཁྲིམས་སྲུང་ངོ་།། སེམས་ཅན་ཐམས་ཅད་སངས་རྒྱས་སུ་བསྒྲུབ་པར་འདོད་པའི་ཕྱིར་ཚུལ་ཁྲིམས་སྲུང་ངོ་།། སེམས་ཅད་ཐམས་ཅད་ཆོས་ཀྱི་འཁོར་ལོ་བསྐོར
300b8 དུ་གཞུག་པར་འདོད་པའི་ཕྱིར་ཚུལ་ཁྲིམས་སྲུང་ངོ་།། སེམས་ཅན་ཐམས་ཅད་འཕགས་པའི་དགེ་འདུན་ཡོངས་སུ་སྡུད་དུ་གཞུག་པར་འདོད་པའི་ཕྱིར་ཚུལ་ཁྲིམས་སྲུང་ངོ་།། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གདུང་མྱི་འཆད་པར
300b9 བྱ་བར་འདོད་པའི་ཕྱིར་ཚུལ་ཁྲིམས་སྲུང་ངོ་།། སེམས་ཅན་ཐམས་ཅད་ལ་ཆོས་ཀྱི་རྒྱུད་ཀྱི་འཆད་པར་བྱ་བར་འདོད་པའི་ཕྱིར་ཚུལ་ཁྲིམས་སྲུང་ངོ་།། སེམས་ཅད་ཐམས་ཅད་ལ་དགེ་འདུན་གི་རིགས་བསྒྲུབ་པའི་ཕྱིར་ཚུལ་ཁྲིམས་སྲུང་ངོ་།