e-texts navigator
Collection
Volume
Page
Wylie

300a1 དེ་བཞིན་དུ་འདིར་ཡང་ཏིང་ངེ་འཛིན་ཀྱིས་དེ་བཞིན་གཤེགས་པའི་ཡོན་ཏན་གི་རྟག་པ་ཉིད་གི་ཡོན་ཏན་གིས་བསྐོལས་པའི་རླུང་ཉོན་མོངས་པའི་རྣམ་མཁའ་ལ་ལྡང་བར་བྱེད་ཅིང་། སེམས་ཅན་ཐམས་ཅད་ལ་རང་དབང་།
300a2 མྱེང་བར་སྐུ་དང་ཡན་ལག་ཐམས་ཅད་ཀྱི་རྩ་བའི་ནང་དུ་ཞུགས་ནས།། སྡིག་པ་གྲངས་མྱེད་པ་བྱས་པ་རྣམས་དང་། ལས་ཀྱི་མྱེའི་ཕུང་པོ་རྣམས་སེལང་པར་བྱེད་དོ།། སྤྲིད་ཆེན་སྙིང་པོ་གཞན་ཡང་འདི་ལ་གནས་པའི་བྱང་ཆུབ་སེམས་དཔ
300a3 ནི་རྒྱུ་ནང་ཏུ་ཞུགས་པའི་འབྲས་བུའི་ཕྱིར་ཡང་ཚུལ་ཁྲིམས་མྱི་སྲུང་ངོ་།། ལན་ཅིག་ཕྱིར་འོང་བའི་འབྲས་བུའི་ཕྱིར་ཡང་ཚུལ་ཁྲིམས་མྱི་སྲུང་ངོ་། ཕྱིར་མྱི་འོང་བའི་འབྲས་བུའི་ཕྱིར་ཡང་ཚུལ་ཁྲིམས་མྱི་སྲུང་ངོ་།། དགྲ་བཅོམ་པའི་འབྲས
300a4 བུའི་ཕྱིར་ཡང་ཚུལ་ཁྲིམས་མྱི་སྲུང་ངོ་།། དེ་བཞིན་གཤེགས་པའི་མཚན་མཐའ་ཡས་པའི་ཕྱིར་ཡང་ཚུལ་ཁྲིམས་མྱི་སྲུང་ངོ་།། དེ་བཞི་ན་གཤེགས་པའི་དཔེའ་བྱད་བཟང་པོའི་ཕྱིར་ཡང་ཚུལ་ཁྲིམས་མྱི་སྲུང་ངོ་།།
300a5 དེ་བཞིན་གཤེགས་པའི་བསམ་གྱིས་མྱི་ཁྱབ་པའི་གནས་གི་ཕྱིར།། ཡང་ཚུལ་ཁྲིམས་མྱི་སྲུང་ངོ་།། དེ་བཞིན་གཤེགས་པའི་དཔག་ཏུ། མྱེད་པ་ཉིད་ཀྱི་ཕྱིར་ཡང་ཚུལ་ཁྲིམས་མྱི་སྲུང་ངོ་།། དེ་བཞིན་གཤེག
300a6 པའི་མཚུངས་པ་མྱེད་པའི་ཉིད་ཀྱི་ཕྱིར་ཡང་ཚུལ་ཁྲིམས་མྱི་སྲུང་ངོ་།། དེ་བཞིན་གཤེགས་པའི་མཚན་ཀྱི་ཕྱིར་ཡང་སེམས་གནས་པར་མྱི་སྒོམ་མོ། དེ་བཞིན་གཤེགས་པའི་དཔེའ་བྱད་བཟང་པོའི་ཕྱིར་ཡང་སེམས་གནས
300a7 པར་མྱི་སྒོམ་མོ།། དེ་བཞིན་གཤེགས་པའི་བསམ་གྱིས་མྱི་ཁྱབ་པའི་གནས་ཀྱི་ཕྱིར་ཡང་སེལ་གནས་པར་མྱི་སྒོམ་མོ།། དེ་བཞིན་གཤེགས་པའི་དཔག་ཏུ་མྱེད་པའི་ཕྱིར་ཡང་སེམས་གནས་པར་མྱི་སྒོམ་མོ།། དེ་བཞིན་གཤེགས
300a8 པའི་མཚུངས་པ་མྱེད་པའི་ཕྱིར་ཡང་སེམས་གནས་པར་མྱི་སྒོམ་མོ།། དེ་བཞིན་གཤེགས་པའི་གྲངས་མྱེད་པའི་ཕྱིར་ཡང་སེམས་གནས་པར་མྱི་སྒོམ་མོ།། དེ་བཞིན་གཤེགས་པའི་ཡོན་ཏན་དཔག་ཏུ་མྱེད་པ་དང་ལྡན་པའི
300a9 ཕྱིར་ཡང་སེམས་གནས་པར་མྱི་སྒོམ་མོ།། དེ་བཞིན་གཤེགས་པའི་མཚན་གྱི་ཕྱིར་ཡང་སེམས་བསྐྱེད་པར་མྱི་འདོད་དོ།། དེ་བཞིན་གཤེགས་པའི་དཔེའ་བྱད་བཟང་པོའི་ཕྱིར་ཡང་སེམས་བསྐྱེད་པར་མྱི་འདོད་དོ།། དེ་བཞིན




iiif viewer powered by OpenSeadragon

299b - 300b

Texts on this page

Ng26.12 - 'phags pa sprin chen po zhes bya ba theg pa chen po'i mdo