| e-texts navigator |
| Wylie |
299b1 ཅད་དང་བསྲེས་པའི་འདའ་སུ་འམ། བཏུང་བ་འམ། ལུས་བསྐུ་བས་ནད་སེལང་པར་བྱེད་དོ།། དེ་བཞིན་དུ་ཏིང་ངེ་འཛིན་འདི་ཉནད་པ་ཡང་རྩ་བའམ། རྒྱུད་དམ།། ཚིགས་སུ་བཅད་པ་འམ། ཚིག་གམ། ཚིག་གི་ཕྱེད་དམ།
299b2 མྱིང་ངམ་དེ་བཞིན་གཤེགས་པ་རྟག་གོ་ཞེས་བྱ་བའི་ཡི་གེ་འབྲུ་གཉིས་ཀྱིས་ཉནད་པ་ན་དེ་འདི་སྙམ་དུ། བདག་གིས་རྩ་བ་ལས་ཏིང་ངེ་འཛིནད་བཟུང་ངོ་།། རྒྱུད་ལས་བཟུང་ངོ་།། ཚིགས་སུ་བཅད་པ་ལས་བཟུང་ངོ་།། ཚིག་ལས
299b3 བཟུང་ངོ་།། ཚིག་ཕྱེད་ལས་བཟུང་ངོ་།། མྱིང་ལས་བཟུང་ངོ་།། དེ་བཞིན་གཤེགས་པ་རྟག་གོ།། ཞེས་བྱ་བའི་ཡི་གེ་འབྲུ་གཉིས་ལས་བཟུང་ངོ་སྙམ་དུ་མྱི་སེམས་ཏེ། རྣམ་པར་རྟོག་པ་དེ་དག་མྱེད་དོ།། རྣམ་པར་རྟོག་པ་མྱེད་དུ་ཟིན
299b4 ཀྱང་། དགེ་སློང་དང་དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་ལས་གང་ཡང་རུང་བ་འམ། སྤྱོད་པ་ལ་ཨའེ། ཀུན་ཏུ་རྒྱུ་འམ། གཅེར་བུ་བ་ལས་སྩོགས་པ་འམ།། ལུས་ཡོངས་སུ་མ་སྦྱངས་པའམ། ཤེས
299b5 རབ་ཡོངས་སུ་མ་སྦྱངས་པ་འམ། སེམས་ཡོངས་སུ་མ་སྦྱངས་པ་ཡང་རུང་སྟེ། འཕྱ་བའམ། སྟིང་བའི་ཕྱིར་རམ། རང་གི་ཁ་ནས་བྱུ། པ་ངམ། གཞན་གི་གཡེམ་ལ་བྱུང་བའམ། རྙེད་པ་དང་བཀུར་སྟི་དང
299b6 ཚིགས་སུ་བཅད་པ་འདོད་པའི་ཕྱིར་ཡང་རུང་སྟེ་མཉན་ཏན་ཏམ་བཟུང་ན། དེ་དག་གི་སྡིག་པ་གྲངས་མྱེད་པ་བྱས་པ་དང་། ལས་དེ་དག་ལུས་འདི་ཉིད་ཀྱི་ཚེ་བྱང་བར་འགྱུར་ལ། འདོད་ཆགས་དང་། ཞེ་སྡང་དང་། གཏི
299b7 མུག་གི་ཉོན་མོངས་པ་ལ་སྩོགས་པའི་ནང་འབྱུང་བའི་ཕྱིར་ཞུགས་པ་ཡང་མ་ཡིན་ནོ།། སྤྲིན་ཆེན་སྙིང་པོ་དཔེར་ན་ཉི་མ་ཤར་མ་ཐག་ཏུ་ཁ་བ་དང་། མུན་པའི་ཚོགས་ཆེན་པོ་རྨེག་མྱེད་པར་འགྱུར་རོ།། དེ་བཞིན་དུ་ཏིང་ངེ་འཛིནད
299b8 ཀྱི་ཉི་མ་རྟག་ཏུ་འདི་ཤར་མ་ཟག་སེམས་ཅན་ཐམས་ཅད་སྡིག་པ་དང་ལས་ཀྱི་ཚོགས་ཀྱི་ཁ་བ་དང་། མུན་པ་དང་། སྤྲིན་དང་། སྒྲིབ་པ་རྣམས་ཚིག་མྱེད་པར་འགྱུར་རོ།། བམ་པོ
299b9 སྤྲིན་ཆེར་སྙིང་པོ་གཞན་ཡང་དཔེར་ན། རླུང་དེ་རམ་མཁའ་མཁའ་ལ་ལངས་ནས་སེམས་ཅན་ཐམས་ཅད་ལ་རང་དབང་མྱེད་པར་སྤུ་དང་ལུས་ཀྱི་ཡན་ལག་ཐམས་ཅད་ཀྱིས་བའི་ནང་དུ་ཞུགས་ནས་མྱེའི་ཕུང་པོ་འཇིལ་བར་བྱེད་དོ།།