e-texts navigator
Collection
Volume
Page
Wylie

299a1 ལྡོག་པར་བྱེད་ཅིང་ནུབ་མོ་ཡང་ལམ་དུ་ཞུགས་ནས། འཇིག་རྟེན་གྱི་ཁམས་དུ་མར་བསྐོར་ཏེ། ཕྱིར་རང་གི་གནས་སུ་ལྡོག་པར་བྱེད་པ་དེ་ལྟ་བུར། ཉིན་མཚན་དུ་ལམ་དུ་ཞུགས་པས་ཇི་ཙམ་དུ་ཕྱིནད་པ་དེ་སྙེད་རིང་པོ་ཆེ་སྣ་བདུན
299a2 ཀྱིས་རང་གི་ལུས་ཀྱི་འཕང་ཙམ་དུ་གང་བར་བྱས་ནས་སྦྱིན་པ་བྱིན་བ་ཏེ། ཐབས་དེ་དག་ལྟ་བུར་བར་ཆད་དང་སྐྱོན་མ་བྱུང་བར་སྦྱིན་པ་བྱིན་མ།། སྤྲིན་ཆེན་སྙིང་པོ་ཅི་གཞི་དེ་ལས་དེ་བསོད་ནམས་མང་དུ་སྐྱེད་དམ།། གསོལ་ད་པ། བཅོམ་ལྡན་འདྲ།
299a3 ཚད་མ་མཆིས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ད་པ། སྤྲིན་ཆེན་སྙིང་པོ་དེ་ལྟ་བུའི་སྦྱིན་པ་དེ་ལས་བྱུང་བའི་བསོད་ནམས་ཀྱི་ཕུང་པོ་གང་ཡིན་པ་དེ་ནི། ཏིང་ངེ་འཛིན་འདི་ལས་དེ་བཞིན་གཤེགས་པ་རྟག་པའི་ཆེ་བ་ཉིད་ཀྱི་ཡོན་ཏན་ནུབ
299a4 པར་མྱི་འགྱུར་བའི་བསྟན་པ། འཁོར་བཞི་ལས་གང་ཡང་རུང་བ་འམ། སྤྱོད་པའམ། ཀུན་ཏུ་རྒྱུ་འམ། གཅེར་བུ་པ་ལ་སྩོགས་པ་ལ་འཆད་ཅིང་སྟོན་པར་བྱེད་དམ། ཡང་ན་འཕྱ་བའམ། སྟིང་པའམ། གཞན་གི་གཡམ་ལ
299a5 བྱ་བའམ། འཚོ་བའི་ཐབས་ཀྱི་རྒྱུར་བྱ་བའི་ཕྱིར་རམ། རྙེད་པ་དང་བཀྲུ། ར་སྟི་དང་། ཚིགས་སུ་བཅད་པ་འདོད་པའི་ཕྱིར། དེ་བཞིན་གཤེགས་པ་རྟག་གོ་ཞེས་ཚིག་དུ་བརྗོད་པ་ཙམ་གི་བསོད་ནམས་ཀྱི་ཕུང་པོ་གང་ཡིན
299a6 བའི་བརྒྱའི་ཆར་ཡང་མྱི་ཕོད། སྟོང་གི་ཆར་ཡང་མྱི་ཕོད་པ་ནས། རྒྱུའི་བར་དུ་ཡང་མྱི་བཟོད་དོ།། སྤྲིན་ཆེན་སྙིང་པོ་འདི་ལྟ་སྟེ་དཔེར་ན། སྨན་གི་རྒྱལ་པོ་རྩའི་སྡོང་བུ་དེ་རྩ་བ་ཁྱེར་རམ། ཤུན་ཕགས་སམ། ཕྲི་འམ། ལོ་མ
299a7 འམ། མེ་ཏོག་གམ། འབྲས་བུ་འམ།། མགོ་ཏོགས་སམ། སྡོང་བུ་འམ། ཡལ་ག་འམ། བུར་མའམ།། རྩ་དག་ཁྱེར་ཡང་རུང་སྟེ། དེ་འདི་སྙམ་དུ་བདག་གི་རྩ་བ་ཁྱེར་རོ།། བདག་གི་ཤུན་ཕྲགས་ཁྱེར་རོ།། བདག་གི་པྲི་ཁྱེར་རོ།། བདག་གི
299a8 ལོ་མ་ཁྱེར་རོ།། བདག་གི་མེ་ཏོག་ཁྱེར་རོ།། བདག་གི་འབྲས་བུ་ཁྱེར་རོ།། བདག་གི་མགོ་ཏོགས་ཁྱེར་རོ།། བདག་གི་སྡོང་བུ་ཁྱེར་རོ།། བདག་གི་ཡལ་ཀ་ཁྱེར་རོ།། བདག་གི་བུར་མ་ཁྱེར་རོ།། བདག་གི་རྩེ་དག་ཁྱེར་རོ་སྙམ་དུ་མྱི་སེམས་ཏེ། རྩིའི
299a9 སྡོང་བུ་ལ་རྣམ་པར་རྟོག་པ་ཡོད་མྱེད་དོ།། རྣམ་པར་རྟོག་པ་མྱེད་དུ་ཟིནད་ཀྱང་སེམས་ཅན་རབ་འབྲིང་ཐ་མ་ཐམས་ཅད་ལ། འོ་མ་འམ། ཞོ་འམ། མར་རམ། འབྲུ་མར་འམ། སྨན་ཅི་ཡང་རུང་བ་དག་དང་སྦྱར་པའམ། སྨན་ཐམས




iiif viewer powered by OpenSeadragon

298b - 299b

Texts on this page

Ng26.12 - 'phags pa sprin chen po zhes bya ba theg pa chen po'i mdo