e-texts navigator
Collection
Volume
Page
Wylie

298a1 ཀྱི་ཕུང་པོ་ཇི་ཙམ་མཆིས་པ་ཡང་སེམས་ཅན་ལ་བཤད་དུ་གསོལ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྤྲིན་ཆེན་སྙིང་པོ་ལེགས་སོ་ལེགས་སོ།། སྤྲིན་ཆེན་སྙིང་པོ་ཁྱོད་ལེགས་ཀྱིས་ཏིང་ངེ་འཛིན་འདི།
298a2 རྒྱུད་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་དེ་དཔེའ་ཙམ་དུ་བསྟན་པར་བྱ་སྟེ། རིགས་ཀྱི་བུ་དཔེར་ན། ཆུ་ཀླུང་ཆེན་པོ་དང་། འབབ་ཆུ་དང་། མཚེའུ་འམ། མཚོ་བྲད་དང་། ཆུ་བྲན་ཐམས་ཅད་ནི་རྒྱ་མཚོ་ཆེན་པོའི་ཁོངས་སུ
298a3 གཏོགས་ཤིང་དེའི་ནང་དུ་འདུས་སོ།། སྤྲིད་ཆེན་སྙིང་པོ་དེ་བཞིན་དུ་མདོ་འདི་ལས་གཞན་པའི་མདོ་དག་གི་བྱ་བ་གང་ཅི་ཡང་རུང་བ་རྣམས་ནི་ཏིང་ངེ་འཛིན་འདིའི་ཁོངས་སུ་གཏོགས་ཤིང་འདིའི་ནང་དུ་འདུས་པར་བལྟ་བར་བྱའོ།།
298a4 སྤྲིན་ཆེན་པོ་གཞན་ཡང་མདོ་འདི་ལ་མ་གཏོགས་པའི་མདོ་དང་ཏིང་ངེ་འཛི་ནད་དང་། བསོད་ནམས་བྱ་བའི་དངོས་པོ་ཐམས་ཅད་དང་། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་བསོད་ནམས་བྱ་བའི་དངོས་པོ
298a5 དེ་དག་ཐམས་ཅད་གཅིག་ཏུ་བསྡུས་པ་ནི་དེ་བཞིན་གཤེགས་པ་རྟག། པ་ཉིད་ཀྱི་ཏིང་ངེ་འཛིནད་འདི་ཟང་གཅིག་ཙམ་ཐོས་པའི་བྱང་ཆུབ་ཀྱི་སེམས་ཀྱི་ཁོངས་སུ་གཏོགས་ཤིང་དེའི་ནང་དུ་འདུས་པར་བལྟ་བར་བྱའོ།
298a6 སྤྲིན་ཆེར་སྙིང་པོ་དེ་བས་ན་ཐམས་ཅད་རྟག་པ་དང་། ཐེར་ཟུག་པ་དང་། ཞི་བ་དང་། བརྟན་པའི་བསོད་ནམས་འདོད་པའི་སེམས་བཟུང་བར་འདོད། པ་དང་། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར
298a7 གཟུང་བར་འདོད་པའི་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོས་ནི་ཟབ་མོ་བརྟན་པའི་ཆུའི་བརྒྱ་མཚོའི་དུས་ཚོད་ཀྱི་ཏིང་ངེ་འཛིནད་ཀྱི་ཡུལ་འདི་ལ་སེམས་བསྐྱེད་པར་བྱའོ།། དེ་བཞིན་གཤེགས་པ་རྟག་པ་དང་། ཐེར་ཟུག་དང་། བརྟན་པ
298a8 པ་དང་། ཞི་བའི་ཡོན་ཏན་ཡང་དག་པ་བཤད་པ་ཟོས་ན་སྐྲག་པར་མྱི་བྱའོ།། དེ་བཞིན་གཤེགས་པ་རྟག་པ་དང་། ཐེར་ཟུག་པ་དང་། བརྟན་པ་དང་། ཞི་བ་དང་། བསིལ་བའི་ཡོན་ཏན་ཡང་དག་པར་གཟུང་བར་བྱའོ།། གཞན
298a9 དག་ལ་ཡང་རྒྱས་པར་བསྟན་པར་བྱ་སྟེ། ཅི་ནས་བསྟ་དད་པ་ནུབ་པར་མྱི་འགྱུར་བར་བརྩོན་པར་བྱའོ།། འདི་ལྟ་སྟེ། དཔེར་ན་འགྲོ་བ་ཆགས་འབྱུང་པོ་གང་མི་ཡང་རུང་བ་རྣམས་ཀྱི་རྗེས་སུ་བྱུང་བ་དེ་དག་ཐམས་ཅད་ནི་གླང་པོ




iiif viewer powered by OpenSeadragon

297b - 298b

Texts on this page

Ng26.12 - 'phags pa sprin chen po zhes bya ba theg pa chen po'i mdo